སྙེ་མོ་རྫོང་གིས“སྒོ་ར་ཡག་ཤོས”ཀྱི་དཔེ་མཚོན་ཁྱིམ་ཚང་99དཔྱད་འདེམས་བྱས་པ།
ཉེ་ཆར། སྙེ་མོ་རྫོང་གིས“སྒོ་ར་ཡག་ཤོས”ཀྱི་དཔེ་མཚོན་ཁྱིམ་ཚང་དཔྱད་འདེམས་བྱེད་སྒོ་སྤེལ་ཏེ། “ཁྱིམ་ཚང་ཆུང་ངུ་ཡག་ཤོས”ཀྱིས“ཁྱིམ་ཚང་ཆེན་པོ་དར་རྒྱས”ཡོང་བར་སྐུལ་ཁྲིད་བྱེད་པ་དང“ཁྱིམ་ཚང་ཆེན་པོ་དར་རྒྱས”ལ་བརྟེན་ནས“སྐྱེ་ཁམས་སྡོད་མལ་ལ་འཚམ་པ”ཡོང་རྒྱུར་སྐུལ་འདེད་བཏང་སྟེ། གྲོང་གསེབ་བཅོས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་དེ་ཆ་ཤས་བཅོས་སྒྲིག་ནས་ཁུལ་ཡོངས་མཐོར་གཏོང་ཡོང་བར་སྐུལ་འདེད་ཧུར་ཐག་བཏང་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོར་རྫོང་ཡོངས་ཀྱི་ཟླ་བ་དང་པོ་ནས་གསུམ་པའི་བར་གྱི“སྒོ་ར་ཡག་ཤོས”ཀྱི་དཔེ་མཚོན་ཁྱིམ་ཚང་99དཔྱད་འདེམས་བྱས་ཡོད།
“སྒོ་ར་ཡག་ཤོས”ཀྱི་དཔེ་མཚོན་ཁྱིམ་ཚང་ནི་ཁོར་ཡུག་བཅོས་སྒྲིག་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པའི་མཚོན་ཚུལ་ཞིག་རེད་ལ། གྲོང་གསེབ་ཤེས་དཔལ་གྱི་མིག་དཔེ་དེ་བས་ཀྱང་རེད། སྙེ་མོ་རྫོང་གིས་དཔྱད་འདེམས་ཀྱི་གྲུབ་འབྲས་རྒྱུན་མཐུད་ཆེ་རུ་བཏང་སྟེ་མིག་དཔེ་དང་དཔེ་སྟོན་ལ་བརྟེན་ནས་དར་སྲོལ་གསར་པ་ཆགས་པར་བརྒྱུད་ཁྱིམ་ཚང་དེ་བས་མང་བ་ཁོར་ཡུག་བཅོས་སྒྲིག་དང་ཤེས་དཔལ་འཛུགས་སྐྱོང་ནང་ཞུགས་པར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།