དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ངོ་མཚར་ཆེ་བའི་འགྲེམས་སྟོན་ལས། རིག་དངོས་གསོན་ཤུགས་རབ་ཏུ་འཕེལ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པས།   |     སྤེལ་དུས།  2025-05-20

    ཧོ་ནན་ལུའོ་དབྱང་རྟེན་མཛོད་ཁང་གིས་གཉེར་བའི“མཚན་མོ་གཅིག་ལ་གནའ་དེང་དར་རྒྱས་ཉམས་ལེན་བྱེད”ཅེས་པའི་བྱེད་སྒོའི་རིང་། ཡུལ་སྐོར་བ་ཚོགས་ཆུང་6ལ་བགོས་ནས་ཇུས་འགོད་ཞིབ་ཚཌ་བྱས་པའི་ཡུལ་སྐོར་ལམ་ཐིག་ལ་བསྐྱོད་དེ། རྒྱལ་རབས་བཅུ་གསུམ་གྱི་གནའ་བོའི་གྲོང་ཁྱེར་གྱི་ལོ་ངོ་སྟོང་གི་དར་རྒྱས་ཉམས་ལེན་བྱེད་བཞིན་མཆིས།

    “ལྔ་གཅིག”གུང་གསེང་རིང་། རིམ་རྩིས་བརྒྱབ་ན་ལུའོ་དབྱང་གི་རྟེན་མཛོད་ཁང་དང་དྲན་གསོ་ཁང་སོགས་རིག་གནས་བཤམས་མཛོད་ཁང་གིས་ཡུལ་སྐོར་བ་མི་ཐེངས་ཁྲི་69.5ལ་སྣེ་ལེན་ཞུས་པ་དེ་ན་ནིང་གི་དུས་མཚུངས་ལས་3%འཕར་ཡོད།

    ཞབས་ཞུའི་བར་མཐོངས་རྒྱུན་མཐུད་རྒྱ་སྐྱེད་གཏོང་བར་རིག་གནས་བཤམས་མཛོད་ཁང་ལ་ཐབས་མཆོག་གང་ཞིག་ཡོད་དམ།

    “ཡུལ་སྐོར་བའི་འདྲ་པར་ལ་དབྱེ་ཞིབ་བྱས་ན་ལོ་35མན་གྱི་གཞོན་ནུས་བཟུང་བའི་བསྡུར་ཚད་ཅུང་མང་བ་འདུག” ལུའོ་དབྱང་རྟེན་མཛོད་ཁང་གི་ཀོན་ཀྲང་གཞོན་པ་སུང་ཧའེ་ཡན་གྱིས་གཞོན་ནུའི་ཚོགས་སྤྱིའི་ཡིད་དབང་སྔར་བས་འགུག་ཆེད་རྩ་སློག་རང་བཞིན་གྱི་གསར་གཏོད་དང་། དབྱིངས་ཞུགས་རྣམ་པའི་ཉམས་ལེན། སྒུལ་བདེའི་དུད་སྣེའི་ཁྱབ་སྤེལ་བཅས་ཆགས་ཐུབ་པར་བྱེད་དགོས་ཞེས་བརྗོད།

    དཔྱིད་གསར་གུང་གསེང་རིང་། ལུའོ་དབྱང་རྟེན་མཛོད་ཁང་གིས་མཚན་མོའི་ཡུལ་སྐོར་གྱི་ཚོད་ལྟ་གསར་པ་བྱས་ཤིང་། འཆད་འགྲེལ་པས་ཉིན་མོའི་ལས་གོས་ཕུད་དེ་ལུས་ལ་སྨན་གཡོགས་དང་སྟོད་ལྷེ་གྱོན་ནས་རིག་དངོས་ཀྱི་གཏམ་རྒྱུད་དག་གསོན་ཉམས་དོད་པོས་འགྲེལ་བཤད་བརྒྱབ། ཚོད་ལྟའི་གཉེར་སྐྱོང་ཁུལ་དུ་མི་ཚོགས་ཀྱིས་ཁེངས་པས་རྟེན་མཛོད་ཁང་གིས་སྔར་བས་འཚོལ་ཞིབ་བྱེད་པའི་གདེང་ཚོད་ཆེ་རུ་ཕྱིན།

    རང་ངོས་ཀྱི་སྟོབས་ཤུགས་ལ་ཚད་བཀག་ཡོད་པས་ལུའོ་དབྱང་རྟེན་མཛོད་ཁང་གིས་སྔ་རྗེས་སུ་འབྲེལ་ཡོད་རིག་གནས་བསམ་བཀོད་ཁེ་ལས་7དང་འབྲེལ་གཏུག་བྱས་ཤིང་། “འཁྲབ་གཞུང་ཡོད་པ་དང་དངོས་སུ་འཁྲབ་ནས་རིག་དངོས་ཀྱི་གསོན་ཤུགས་འཕེལ་བར་བྱེད་པའི”ཁེ་ལས་ཀྱི་ཇུས་གཞི་ཞིག་ལ་འོས་ཐོབ་བདེ་བླག་ངང་རག་ཡོད།

    “ལྔ་གཅིག”གུང་གསེང་རིང“མཚན་མོ་གཅིག་ལ་གནའ་དེང་དར་རྒྱས་ཉམས་ལེན་བྱེད”ཅེས་པའི་བྱེད་སྒོར་རོལ་དབྱངས་དང་ཞབས་བྲོའི་རིགས་ཁ་སྣོན་བྱས་པ་མ་ཟད། ཤེས་བྱའི་འགྲན་བསྡུར་སོགས་མཉམ་འགུལ་ལེ་ཚན་ཡང་བཀོད་སྒྲིག་བྱས་ནས་ཡུལ་སྐོར་བའི་དབྱིངས་ཞུགས་པའི་ཚོར་སྣང་སྔར་བས་ཆེ་རུ་བཏང་ཡོད།

    ལུའོ་དབྱང་དུ“རྟེན་མཛོད་ཁང་དང་ཀུང་སི་ཟུང་འབྲེལ”གྱི་གཉེར་སྐྱོང་བྱེད་སྟངས་ལས་ཉམས་ལེན་གསར་པ་ཟམ་མི་ཆད་པར་མང་དུ་སོང་ནས་རིག་རྫས་ཀྱི་འཛད་སྤྱོད་ལ་སྐུལ་སྤེལ་བྱས་ཡོད།

    དེ་དང་ཆབས་ཅིག་སྐུལ་ལྕག་དང་འགན་སྲུང་གི་བྱེད་ཐབས་རབ་དང་རིམ་པའང་མཉམ་དུ་བཏོན་ཡོད་པ་སྟེ། ལུའོ་དབྱང་གྲོང་ཁྱེར་གྱི་སྡེ་ཚན་བརྒྱད་ཀྱིས《ཚོད་ལྟའི་རྟེན་མཛོད་ཁང་གི་རིག་གནས་བསམ་བཀོད་ཐོན་རྫས་ཀྱི་གསར་སྤེལ་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་བྱེད་ཐབས་འགའ་ཞིག》མཉམ་དུ་བཀྲམ་སྟེ། རྟེན་མཛོད་ཁང་གིས་རང་ཚུགས་ངང་གསར་སྤེལ་དང་། མཉམ་ལས། དབང་སྤྲོད་སོགས་ཀྱི་བྱེད་ཐབས་སྤྱད་དེ་སྔར་བས་སྤུས་ལེགས་ཀྱི་རིག་གནས་བསམ་བཀོད་ཐོན་རྫས་མཁོ་སྤྲོད་བྱེད་པར་སྐུལ་ལྕག་བྱས་པ་དང་། ཁག་དང་པོའི་ཚོད་ལྟའི་རྟེན་མཛོད་ཁང་5ཡིས་རིག་གནས་བསམ་བཀོད་གསར་སྤེལ་རྣམ་གྲངས་ལས་ཐོབ་པའི་ཡོང་འབབ་ཚང་མ་རིག་གནས་འགྲེམས་སྟོན་བྱ་གཞག་འཕེལ་རྒྱས་དང་མི་སྣར་སྐུལ་ལྕག་བྱེད་པར་གཏོང་རྒྱུ་ཡིན་པ་དང་ཁེ་གཙང་ཡོང་འབབ་ནས་མང་ཤོས་30%བཏོན་ནས་མི་སྣར་སྐུལ་ལྕག་བྱེད་རྒྱུ་རེད།

    《འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་ཆེད་དོན་བྱ་སྤྱོད་ཇུས་གཞིའི》ནང་ཡུལ་སྐོར་མཛེས་ལྗོངས་ཁུལ་དང་རིག་གནས་བཤམས་མཛོད་ཚན་པས་ཞབས་ཞུ་རྒྱ་སྐྱེད་རྣམ་གྲངས་ལ་རྒྱབ་སྐྱོར་བྱས་ཏེ། གཉེར་སྐྱོང་གི་དུས་ཚོད་ལུགས་མཐུན་ངང་རིང་དུ་གཏོང་བ་དང་སྣེ་ལེན་གྱི་གཞི་ཁྱོན་ཆེ་རུ་གཏོང་རྒྱུ་ཡིན་པ་བཏོན་ཡོད།

    “དེ་གོང་རྟེན་མཛོད་ཁང་ནི‘དར་ཆེའི་ཐོན་རྫས་ཞོར་དུ་བཟོ་བ་དང་སེམས་ནུས་གཙོ་བོ་རྟེན་མཛོད་ལས་ཀ་གཅིག་པོར་འཇོག་གི’ཡོད”ད་ཆ་རིག་གནས་བཤམས་མཛོད་ལས་དོན་པའི་ཧུར་སེམས་སྔར་བས་ཡག་པོ་འཕེལ་ཡོད”ལུའོ་དབྱང་གྲོང་ཁྱེར་རིག་དངོས་ཅུས་ཀྱི་ཅུས་ཀྲང་ཀྲའོ་ཞའོ་ཅུན་གྱིས“ཁྱད་ལྡན་རྟེན་མཛོད་ཁང་གི་ཐོན་ཁུངས་སྔོག་འདོན་གཞན་སྒྱུར་བྱས་ཚེ། རྟེན་མཛོད་ཁང་གིས་ཚང་མར་ངོ་མཚར་དེ་བས་མང་བ་གཏོད་ཐུབ”ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།