རྒྱལ་སྤྱིའི་ཤ་མོ་གསོ་རྩྭའི་ཐོན་ལས་འཕེལ་རྒྱས་ཀྱི་བགྲོ་གླེང་ཚོགས་འདུ་སྐབས་ཉི་ཤུ་པ་ཧྥུའུ་ཀྲོའུ་རུ་འཚོགས་པ།
ཉེ་ཆར། རྒྱལ་སྤྱིའི་ཤ་མོ་གསོ་རྩྭའི་ཐོན་ལས་འཕེལ་རྒྱས་ཀྱི་བགྲོ་གླེང་ཚོགས་འདུ་སྐབས་ཉི་ཤུ་པ་ཧྥུའུ་ཅན་ཧྥུའུ་ཀྲོའུ་རུ་འཚོགས་པ་རེད། ཚོགས་འདུར“མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་གྲོས་རིམ་དོན་འཁྱོལ་དང་གོ་ལ་ཧྲིལ་པོའི་ཤ་མོ་གསོ་རྩྭའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ། ཤ་མོ་གསོ་རྩྭའི་ལག་རྩལ་གསར་གཏོད་དང་ཤ་མོ་གསོ་རྩྭའི་ཐོན་ལས་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་ཤོས་ལ་ཕྱོགས་སྡོམ་བྱས་པ་དང་། ཤ་མོ་གསོ་རྩྭའི་ལག་རྩལ་གྱིས་རྒྱལ་སྤྱིའི་དབུལ་པོ་ཉུང་གཏོང་དང་། ལས་ཞུགས་མང་དུ་གཏོང་བ། འབྲུ་རིགས་བདེ་འཇགས། སྐྱེ་ཁམས་བདེ་འཇགས། ཐོན་ལས་འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་བའི་ཉམས་མྱོང་མཉམ་སྤྱོད་བྱས་ནས་རྒྱལ་སྤྱིའི་སྤེལ་རེས་དང་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་རྒྱལ་ཁབ་ཀྱི་ཤ་མོ་གསོ་རྩྭའི་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་མྱུར་བཏང་ཞིང་། འདི་ནི་ཀྲུང་གོ་དང་ཕྱི་རྒྱལ་གྱི་སྐུ་མགྲོན་རྒྱལ་སྤྱིའི་ཤ་མོ་གསོ་རྩྭའི་ཐོན་ལས་འཕེལ་རྒྱས་ཀྱི་བགྲོ་གླེང་ཚོགས་འདུ་སྐབས་ཉི་ཤུ་པའི་འགོ་ཚུགས་མཛད་སྒོར་ཞུགས་པ།