འབུད་རྫས་ཉིས་ལྡན་གྱི་རླངས་འཁོར་སྐྱེལ་འདྲེན་གྲུ་གཟིངས“རྒྱང་མཚོ་ཁ”རྟགས་ཅན་ཐོག་མར་ཐོན་པ།
འདི་ནི“རྒྱང་མཚོ་ཁ”རྟགས་ཅན་གྲུ་གཟིངས་སྟེང་གི་ཚལ་ཞིང་ཡིན་པ།
འདི་ནི“རྒྱང་མཚོ་ཁ”རྟགས་ཅན་གྲུ་གཟིངས་ཚོད་གཏོང་བྱེད་བཞིན་པ། ཀྲུང་ཝུའེ་ཡིས་པར་བརྒྱབ། (མི་དམངས་མཐོང་ཚོར)
● རྒྱལ་ཐོན་རླངས་འཁོར་4000ཙམ་བླུགས་ནས་ཡོ་རོབ་ཕྱོགས་སུ་ཐོན་པ།
● མཚོ་ཐོག་རྒྱང་སྐྱོད་བྱེད་ཀྱིན་ཚལ་འདེབས་ཐུབ་པ།
ཚེས་15ཉིན། རང་རྒྱལ་གྱི་འོད་ཤུགས་ནུས་རྒྱུ+LNG(གཤེར་འགྱུར་རང་བྱུང་སོལ་རླངས)འབུད་རྫས་ཉིས་ལྡན་གྱི་རླངས་འཁོར་སྐྱེལ་འདྲེན་གྲུ་གཟིངས་ཆེ་ཤོས“རྒྱང་མཚོ་ཁ”རྟགས་ཅན་གྲུ་གཟིངས་ཀོང་ཀྲོའུ་ནན་ཧྲ་གྲུ་ཁ་ཧའེ་ཅཱ་རླངས་འཁོར་གྲུ་ཁར་མིང་བཏགས་པ་མ་ཟད་རྩིས་སྤྲད་ནས་མཚོ་འགྲུལ་ཐོག་མར་བྱས་པ་དང་། རྒྱལ་ཐོན་སྤུས་རྟཌ་རླངས་འཁོར་4000ཙམ་བླུགས་ནས་ཡོ་རོབ་ཕྱོགས་སུ་ཐོན་པ་རེད།
“རྒྱང་མཚོ་ཁ”རྟགས་ཅན་གྲུ་གཟིངས་ལ་རླངས་འཁོར་གྱི་གྲུ་གཅལ་རིམ་པ་12ཡོད་པ་དང་ཚད་ལྡན་རླངས་འཁོར་7000འཁྱོག་གི་ཡོད། རིམ་པ་མང་བའི་མེ་འགོག་བཅད་བཀག་དང་གས་འགོག་རླུང་འགྲོའི་མ་ལག་དང་དེ་བཞིན་མེ། སྐྱོན་སྔོན་འགོག་དང་ཚོད་འཛིན་གྱི་ལག་རྩལ་སྤྱད་ཡོད་པས་ཆིང་འབུད་རྫས་དང་ལིས་གློག་རྫས་སོགས་ནུས་རྒྱུ་གསར་པའི་རླངས་འཁོར་སྐྱེལ་འདྲེན་གྱི་བཀོད་པར་བདེ་འཇགས་ཀྱི་འགན་སྲུང་དེ་བས་ཆ་ཚང་པོ་ཡོད་པ་རེད།