མཚོ་སྔོན་གྱིས་2025ལོའི་འཛད་རྫས་རྙིང་པ་གསར་པར་བརྗེ་བའི་ཁྱིམ་སྡོད་རྒན་འཕྲོད་ཅན་གྱི་སྒྱུར་བཀོད་ཁ་གསབ་བྱེད་སྒོ་སྤེལ་འགོ་ཚུགས་པ།
མཚོ་སྔོན་ཉིན་རེའི་ཚཌ་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་5ཚེས་14ཉིན་མཚོ་སྔོན་གྱིས་2025ལོའི་འཛད་རྫས་རྙིང་པ་གསར་པར་བརྗེ་བའི་ཁྱིམ་སྡོད་རྒན་འཕྲོད་ཅན་གྱི་སྒྱུར་བཀོད་ཁ་གསབ་བྱེད་སྒོ་སྤེལ་འགོ་ཚུགས་ནས་ཞིང་ཆེན་ཡོངས་ཀྱི་དགོས་མཁོ་ཡོད་པའི་རྒན་རྒོན་གྱི་ཁྱིམ་ཚང་ལ་ཁྱིམ་སྡོད་རྒན་འཕྲོད་ཅན་གྱི་སྒྱུར་བཀོད་ཐོན་རྫས་ཀྱི་ཁ་གསབ་ཞབས་ཞུ་མཁོ་འདོན་བྱས་ཤིང་། དེའི་དམིགས་ཡུལ་ནི་རྒན་རྒོན་གྱི་ཁྱིམ་སྡོད་འཚོ་བའི་ཁོར་ཡུག་ལེགས་སུ་གཏོང་བ་དང་། རྒན་རྒོན་གྱི་སྐྱིད་སྣང་དང་། ཐོབ་སྣང་། བདེ་འཇགས་ཚོར་སྣང་བཅས་ཟབ་ཏུ་གཏོང་ཆེད་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོ་དེ་ཞིང་ཆེན་དམངས་སྲིད་ཐིང་གིས་སྣེ་ཁྲིད་ནས་ལག་བསྟར་བྱས་པ་དང་སྲིད་གཞུང་གིས་ཁ་གསབ་རྒྱབ་སྐྱོར་དང་ཁེ་ལས་ཀྱིས་ཁེ་བཤུག་བྲིན་ཚོང་སོགས་ཀྱི་བྱ་ཐབས་བརྒྱུད“ཁང་བའི་ནང་འགྲོ་སྐྱོད་སྟབས་བདེ་དང་། གསང་སྤྱོད་ལ་འགྲོ་བ་དང་ལུས་འཁྲུའི་བདེ་འཇགས། ཁྱིམ་སྡོད་ཁོར་ཡུག་ལེགས་བཅོས། རིག་ནུས་བདེ་འཇགས་ལྟ་སྐྱོང་། རམ་འདེགས་ཡོ་བྱད་འཚམ་སྒྲིག”བཅས་ཕྱོགས་ལྔའི་ནུས་པར་དམིགས་ནས་སྤེལ་ཡོད། མཚོ་སྔོན་ཞིང་ཆེན་དུ་ཁྱིམ་སྡོད་རྒན་འཕྲོད་ཅན་གྱི་སྒྱུར་བཀོད་ཐོན་རྫས་ཉོ་མཁན་མི་སྒེར་གྱི་འཛད་སྤྱོད་པ་ཡིན་ཕྱིན་ཚང་མ་ཞུགས་ཆོག འཛད་སྤྱོད་པས་ཁ་གསབ་ཁྱབ་ཁོངས་ཀྱི་དཀར་ཆག་ནང་ཚུད་པའི་ཐོན་རྫས་ཉོ་སྐབས། དངོས་ཡོད་ཀྱི་ཕྱིར་ཚོང་དངུལ་གྲངས་ཀྱི་20%ལྟར་ཁ་གསབ་སྤྲོད་རྒྱུ་དང་། འཛད་སྤྱོད་པ་མི་རེ་ངོ་རེས་ཚོང་ཟོག་སྣ་ཁ་རེར་ཁ་གསབ་ཐེངས་གཅིག་རེ་ཞུ་བྱེད་ཆོག་པ། ཚོང་ཟོག་སྣ་ཁ་རེར་ཁ་གསབ་དངུལ་གྲངས་སྒོར་2000ལས་བརྒལ་མི་ཆོག་པ་བཅས་རེད།
ད་ཐེངས་ཀྱི་བྱེད་སྒོའི་ཁ་གསབ་ཁྱབ་ཁོངས་ནང་དབུཌ་འབྱིན་རྔུབ་འཕྲུལ་འཁོར་དང་། སྨན་རླངས་ཆས། གསོ་རླུང་བཟོ་ཆས། ནུས་མང་བདག་སྐྱོང་ཉལ་ཁྲི(ཉལ་གདན་ཚུད་པ) སྤོ་རུང་གོམ་སྤོ་རོགས་ཆས། ཛ་དྲག་འབོད་གཏོང་སྒྲིག་ཆས། ཐོགས་མེད་ལག་སྐྱོར། རྐུབ་སྟེགས་འཁོར་ལོ་ཅན། ཉན་ཕན་ཡོ་བྱད། མཐོང་ཕན་ཡོ་བྱད། དུ་ཚོར་དང་འབར་རླངས་ཀྱི་མེ་སྐྱོན་ཉེན་བརྡ་གཏོང་ཆས། རིག་ནུས་སྨན་སྒམ། བརླགས་ཟོན་སྒྲིག་ཆས། ལུད་འཐེན་འཕྲུལ་ཆས། དམར་ཕྱིའི་འོད་ཀྱི་དངོས་ལུགས་གསོ་བཅོས་ཡོ་བྱད། འོད་འཚེར་འདར་འགུལ་སྒོ་དྲིལ། ལུས་འཁྲུ་རོགས་སྐྱོར་རྐུབ་སྟེགས། གཞང་འབྲུམ་གདན། ཁྲག་མངར་འཇལ་ཆས། ཁྲག་དབྱང་འཇལ་ཆས། ཁྲག་ཤེད་འཇལ་ཆས། རིག་ནུས་དྲོད་ཚད་འཇལ་ཆས་བཅས་ཁྱོན་ཐོན་རྫས་རིགས་22ཡོད།
མིག་སྔར་ཁེ་ལས་བསྡུ་བའི་ལས་དོན་དེ་ཞིང་ཆེན་དམངས་སྲིད་ཐིང་གི་གཞུང་ཕྱོཌ་དྲ་རྒྱ་དང“མཚོ་སྔོན་དམངས་སྲིད”ཀྱི་སྐད་འཕྲིན་སྤྱི་རྟགས་ཀྱི“ལས་སྒོ་སྒྲུབ་གཉེར”བརྒྱུད་དྲ་ཐོག་ཏུ་རེ་ཞུ་བྱེད་བཞིན་ཡོད་པ་རེད།