དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མིག་སྔར་བོད་དུ་རྟེན་མཛོད་ཁང་སྣ་ཚོགས་43ཡོད་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-05-20

    གསར་འགོད་པར་ཚེས་17ཉིན་གྱི་ཕྱི་དྲོར་འཚོགས་པའི་བོད་རང་སྐྱོང་ལྗོངས་རྟེན་མཛོད་ཁང་མཐུན་ཚོགས་ཀྱི་2025ལོའི་ལོ་ཚོགས་ནས་ཤེས་རྟོགས་བྱུང་བར། མིག་སྔར་བོད་དུ་རྟེན་མཛོད་ཁང་སྣ་ཚོགས་43ཡོད་པ་དང་། དེའི་ནང་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་རྟེན་མཛོད་ཁང་1དང་། རིམ་པ་གཉིས་པའི་རྟེན་མཛོད་ཁང་1 རིམ་པ་གསུམ་པའི་རྟེན་མཛོད་ཁང་1བཅས་ཡོད། ད་དུང་དེའི་ནང་ཕྱོགས་བསྡུས་རིགས་དང་། ཆེད་དོན་རིགས། དགོན་སྡེའི་སྒྲིག་གཤོམ་ཁང་སོགས་རིགས་མང་པོ་ཚུད་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། བོད་རང་སྐྱོང་ལྗོངས་རྟེན་མཛོད་ཁང་མཐུན་ཚོགས་2024ལོར་བཙུགས་པ་ནས་བཟུང་། ལྗོངས་ཡོངས་ཀྱི་རིག་དངོས་ཐོན་ཁུངས་བསྡུ་སྒྲིལ་དང་སྤྱི་པའི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བའི་ཐད་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། བོད་ལྗོངས་རྟེན་མཛོད་ཁང་གི་ཀོན་ཀྲང་དང་བོད་རང་སྐྱོང་ལྗོངས་རྟེན་མཛོད་ཁང་མཐུན་ཚོགས་ཀྱི་ལས་འཛིན་དཔོན་མིག་དམར་སྒྲོལ་མས། བོད་རང་སྐྱོང་ལྗོངས་རྟེན་མཛོད་ཁང་མཐུན་ཚོགས་ཀྱིས་ལས་རིགས་ཀྱི་ནུས་པ་སྔར་བས་འདོན་སྤེལ་བྱེད་པ་དང་ཚན་རྩལ་གསར་གཏོད་ལ་བརྟེན་ནས་རིག་དངོས་སྲུང་སྐྱོབ་ལ་མཐུན་རྐྱེན་སྦྱར་ཏེ། རིག་དངོས་ཀྱི་ཕན་ཡོད་འདོན་སྤེལ་དང་ཕྱི་ཕྱོགས་ལ་དྲིལ་བསྒྲགས་བྱས་ནས། རིག་གནས་མཉམ་སྤྱོད་བརྒྱུད་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་དང། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པར་རིག་དངོས་རྟེན་མཛོད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།