དུས་ཚིགས་དང་པོར་རང་ལྗོངས་ཀྱི་སྦྲག་སྲིད་ལས་རིགས་ཀྱི་བསྐུར་སྐྱེལ་ལས་སྒོའི་གྲངས་འབོར་ཁྲི་5000ཙམ་ཟིན་པ།
ཉེ་ཆར། བོད་ལྗོངས་ཀྱི་སྦྲག་སྲིད་ལས་རིགས་ལ་དུས་ཚིགས་དང་པོར་གྲུབ་འབྲས་ཧ་ཅང་ཡག་པོ་ཐོབ་ཡོད་པ་དེ་ཐོག་ནས་ལས་རིགས་ཁག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་གསོན་ཤུགས་མངོན་ཡོད་པ་རེད།
དུས་ཚིགས་དང་པོར་བོད་ཀྱི་སྦྲག་སྲིད་ལས་རིགས་ཀྱི་བསྐུར་སྐྱེལ་ལས་སྒོ་གཉེར་ཚད་རིམ་རྩིས་བརྒྱབ་ན་ཁྲི་4936.75ལེགས་གྲུབ་ཟིན་ཞིང་། མྱུར་སྐྱེལ་ལས་སྒོ་གཉེར་ཚད་རིམ་རྩིས་བརྒྱབ་ན་ཁྲི་748.39ལེགས་གྲུབ་ཟིན་ནས་དུས་མཚུངས་ལས་27.83%འཕར་ཡོད་པ་རེད།
སྲོལ་རྒྱུན་སྦྲག་སྲིད་ལས་སྒོའི་ཐད། དུས་ཚིགས་དང་པོར་རང་ལྗོངས་ཀྱི་སྦྲག་སྲིད་འཕྲིན་ཡིག་ལས་སྒོ་རིམ་རྩིས་བརྒྱབ་ན་ཁྲི་13.84ལེགས་གྲུབ་ཟིན་ཡོད་པ་རེད།