དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ཀྱི་མི་སྒེར་4དང་མཉམ་སྡེབ་4ལ་རྒྱལ་ཡོངས་ཀྱི་རང་བརྩོན་དཔེ་བཟང་བ་དང་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་མཁན་སྔོན་ཐོན་པའི་གཟེངས་བསྟོད་ཐོབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-05-20

    ཟླ་5ཚེས་16ཉིན། རྒྱལ་ཡོངས་ཀྱི་རང་བརྩོན་དཔེ་བཟང་བ་དང་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་མཁན་སྔོན་ཐོན་པར་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་ཐེངས་བདུན་པ་པེ་ཅིང་དུ་འཚོགས་པ་རེད། ཚོགས་ཆེན་ཐོག“རྒྱལ་ཡོངས་ཀྱི་རང་བརྩོན་དཔེ་བཟང་བ”200དང་། “རྒྱལ་ཡོངས་ཀྱི་དབང་པོ་སྐྱོན་ཅན་ལས་དོན་གྱི་སྔོན་ཐོན་མཉམ་སྡེབ”200 “རྒྱལ་ཡོངས་ཀྱི་དབང་པོ་སྐྱོན་ཅན་ལས་དོན་གྱི་སྔོན་ཐོན་མི་སྒེར”60བཅས་ལ་གཟེངས་བསྟོད་བྱས་པ་རེད། དེའི་ནང་རང་ལྗོངས་ཀྱི་མི་སྒེར་3ལ“རྒྱལ་ཡོངས་ཀྱི་རང་བརྩོན་དཔེ་བཟང་བ”དང་། མཉམ་སྡེབ་4ལ“རྒྱལ་ཡོངས་ཀྱི་དབང་པོ་སྐྱོན་ཅན་ལས་དོན་གྱི་སྔོན་ཐོན་མཉམ་སྡེབ” མི་སྒེར་1ལ“རྒྱལ་ཡོངས་ཀྱི་དབང་པོ་སྐྱོན་ཅན་ལས་དོན་གྱི་སྔོན་ཐོན་མི་སྒེར”གྱི་གཟེངས་བསྟོད་ཐོབ་པ་རེད།

    མངའ་རིས་ས་ཁུལ་སྒར་རྫོང་སེང་གེ་ཁ་འབབ་གྲོང་རྡལ་དར་རྒྱས་སྡེ་ཁུལ་ཏང་ཀྲི་པུའི་ཧྲུའུ་ཅི་ཚེ་རིང་རྒྱལ་པོ། བོད་ལྗོངས་མཐོ་སྒང་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཆོས་ལེགས། དིང་རི་རྫོང་དམིགས་བསལ་ལས་རིགས་རྩལ་ནུས་གསོ་སྦྱོང་སློབ་གྲྭ་ཚད་ཡོད་ཀུང་སིའི་ཁྲིམས་མི་ཚེ་རིང་དོན་གྲུབ་བཅས་ལ“རྒྱལ་ཡོངས་ཀྱི་རང་བརྩོན་དཔེ་བཟང་བའི”ཟེངས་བསྟོད་ཐོབ་པ། ལྷ་ས་གྲོང་ཁྱེར་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་ཕྱོགས་བསྡུས་ལས་གཉེར་ཁོའོ། ལྷོ་ཁ་གྲོང་ཁྱེར་དམིགས་བསལ་སློབ་གསོའི་སློབ་གྲྭ ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས། ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་བཅས་ལ“རྒྱལ་ཡོངས་ཀྱི་དབང་པོ་སྐྱོན་ཅན་ལས་དོན་གྱི་སྔོན་ཐོན་མཉམ་སྡེབ”ཀྱི་གཟེངས་བསྟོད་ཐོབ་པ། ཉིང་ཁྲི་གྲོང་ཁྱེར་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་ལས་གཉེར་ཁོའོ་ཡི་ཁོའོ་ཀྲང་གཞོན་པ་ཏེང་ཞའོ་མེ་ལ“རྒྱལ་ཡོངས་ཀྱི་དབང་པོ་སྐྱོན་ཅན་ལས་དོན་གྱི་སྔོན་ཐོན་མི་སྒེར”གྱི་གཟེངས་བསྟོད་ཐོབ་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།