དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • དུས་ཚིགས་དང་པོར་འབྲི་ཆུའི་ཟུར་གསུམ་དཔེ་སྟོན་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དུས་མཚུངས་ལས་8.5%འཕར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-05-19

    ཚེས་16ཉིན། གསར་འགོད་པར་འབྲི་ཆུའི་ཟུར་གསུམ་ཁུལ་སྐྱེ་ཁམས་ལྗང་མདོག་གཞི་གཅིག་ཅན་འཕེལ་རྒྱས་དཔེ་སྟོན་ཁུལ་ལག་བསྟར་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། འདི་ལོའི་དུས་ཚིགས་དང་པོར་དཔེ་སྟོན་ཁུལ་གྱི་ཧྲང་ཧའེ་ཆིང་ཕུའུ་ཆུས་དང་། ཅང་སུའུ་སུའུ་ཀྲོའུ་ཝུའུ་ཅང་ཆུས། ཀྲེ་ཅང་ཅ་ཤིང་ཅ་ཧྲན་རྫོང་བཅས་ས་ཁུལ་གསུམ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1320.2ཟིན་པ་དེ་དུས་མཚུངས་ལས་8.5%འཕར་བ་དང་། དེའི་ནང་ཆིང་ཕུའུ་ཆུས་ཀྱི་སྒོར་དུང་ཕྱུར་457.6ཟིན་པ་དེ་དུས་མཚུངས་ལས་12.2%འཕར་བ་དང་། ཝུའུ་ཅང་ཆུས་ཀྱི་སྒོར་དུང་ཕྱུར་630.7ཟིན་པ་དེ་དུས་མཚུངས་ལས་6.6%འཕར་བ། ཅ་ཧྲན་རྫོང་གི་སྒོར་དུང་ཕྱུར་231.9ཟིན་པ་དེ་དུས་མཚུངས་ལས་6.7%འཕར་བ་བཅས་རེད།

    དཔེ་སྟོན་ཁུལ་གྱིས་འཆར་འགོད་དོ་དམ་དང་། སྐྱེ་ཁམས་སྲུང་སྐྱོང་། ས་ཆ་དོ་དམ་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ། རིམ་རྩིས་བརྒྱབ་ན། ལམ་ལུགས་གསར་གཏོད་ཀྱི་གྲུབ་འབྲས་ཁག་154བཏོན་པ་དང་། ལམ་ལུགས་གསར་གཏོད་ཀྱི་ཉམས་མྱོང་ཁག་50ལྷག་ཙམ་རྒྱལ་ཡོངས་ལ་ཕྱོགས་ནས་འདྲ་བཟོ་ཁྱབ་གདལ་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།