ཉེར་སྤྱོད་བྱ་ཡུལ་རྒྱ་ཆེར་ཕྱིན་ནས་གསར་གཏོད་ཇུས་གཞི་མཁོ་འདོན་ཐུབ་པ།
འདི་ནི་ཆི་ལའི་ལུའོ་སི་ལཱ་ཀེ་སི་ཁུལ་ཆེན་གྱི་ཁར་པུ་ཁོའོ་གྲོང་ཁྱེར་དུ་ཅེ་ཧྥེ་ཚན་རྩལ་ཞིང་ལས་མི་མེད་གནམ་གྲུས་ཉ་སལ་མོན་བླུགས་པའི་དྲ་སྒམ་སྟེང་དུ་འཕུར་ནས་ཉར་ལྟོ་སྟེར་རྩིས་བྱེད་བཞིན་པ།
❋ ལག་རྩལ་གསར་པར་ཚད་བརྒལ་བྱུང་ནས་ཐོན་ལས་འཕོ་འགྱུར་གྱི་ཚ་རླབས་ཆེན་པོར་མགྱོགས་མྱུར་སྐུལ་ཁྲིད་བྱེད་བཞིན་པའི་དེང་གི་དུས་སུ། ཀྲུང་གོའི་མི་ཐབས་རིག་ནུས་ལག་རྩལ་འཕེལ་རྒྱས་མྱུར་པོ་ཕྱིན་པ་དང་ཉེར་སྤྱོད་བྱ་ཡུལ་ཡང་རྒྱུན་ཆད་མེད་པར་རྒྱ་ཆེར་སོང་ཡོད། འཇར་མན་གྱི་བཟོ་གྲྭ་དང་དབྱིན་ཇིའི་ཟོག་འགྲུལ་ལྟེ་གནས་ནས་ཆི་ལིའི་ཞིང་ནང་བར་ཀྲུང་གོའི་ཁེ་ལས་ཀྱིས་སྤྱོད་ཡུལ་མི་འདྲ་བར་མི་ཐབས་རིག་ནུས་ཀྱི་གསར་གཏོད་ཐག་གཅོད་ཇུས་གཞི་མཁོ་འདོན་བྱས་ཡོད།