དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཧྲེན་ལན་ཚན་རྩལ་ཁང་གི་གཙང་སྦྲ་བྱེད་མཁན་འཕྲུལ་མི།

    རང་བརྟེན་ངང་ཐབས་ལམ་འཆར་འགོད་ཐུབ་པས་བདག་སྐྱོང་མ་གནས་དམའ་རུ་ཕྱིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-05-19

    འདི་ནི་འཕྲུལ་མི“ཞའོ་ལན་ཅིང”གིས་པེར་ཀྲེམ་གྱི་སྒོ་རྩིས་ཚོང་ཁང་ཆེ་གྲས་སུ་ལས་ཀ་བྱེད་བཞིན་པ།

    འདི་ནི་དབྱིན་ཇིའི་མན་ཁྲེ་སི་ཐེའི་ཟོག་འགྲུལ་ལྟེ་གནས་ཆེ་གྲས་སུ་ལས་དོན་པས་འཕྲུལ་མི“ཞའོ་ལན་ཅིང”སྤྱོད་སྟངས་སྦྱོང་བཞིན་པ།

    དབྱིན་ཇིའི་མན་ཁྲེ་སི་ཐེའི་གྲགས་ཅན་ལུས་རྩལ་མཁོ་ཆས་ཀྱི་ཟོག་འགྲུལ་ལྟེ་གནས་ཆེ་གྲས་ཤིག་ནང་གཙང་སྦྲ་བྱེད་མཁན་འཕྲུལ་མི“ཞའོ་ལན་ཅིང”གིས་རང་བརྟེན་ངང་ཐབས་ལམ་འཆར་འགོད་བྱས་ཏེ་ས་ངོས་ལ་གཙང་སྦྲ་བྱེད་བཞིན་འདུག

    “ཞའོ་ལན་ཅིང”ནི་ཧྲེན་ལན་མི་ཐབས་རིག་ནུས་ཚན་རྩལ(ཧྲང་ཧའེ)མ་རྐང་ཚད་ཡོད་ཀུང་སིས་ཞིབ་སྤེལ་བྱས་པ་ཞིག་ཡིན་པ་དང་། དེའི་ནང་ངོས་སུ་རང་བརྟེན་ཞིབ་སྤེལ་བྱས་པའི་མི་ཐབས་རིག་ནུས་ཀྱི་ལྟེ་བའི་ཚོད་འཛིན་མ་ལག་སྒྲིག་སྦྱོར་བྱས་པ་དང་རྩིས་རྒྱག་འཕྲུལ་འཁོར་གྱི་མཐོང་ཚོར་དབྱེ་འབྱེད་ལག་རྩལ་དང་རྣམ་པ་མང་བའི་ཚོར་ཆས་ལག་རྩལ་གཅིག་ཏུ་འདུས་ནས་རྒྱ་ཆེ་བའི་ས་ངོས་མཁྲེགས་པོ་གཙང་སེལ་དང་བདག་སྐྱོང་ལ་སྤྱོད་རྒྱུར་འཚམ་པ་མ་ཟད། ཆུ་ཚོད་རེར་ལས་སྒྲུབ་རྒྱ་ཁྱོན་སྨི་ངོས་གྲུ་2400ཟིན་གྱི་ཡོད་པ་རེད།

    “ཡོ་རོབ་རྒྱལ་ཁབ་མང་པོ་ཞིག་གི་གཙང་སྦྲའི་ལས་རིགས་ཕྱོགས་སྒྱུར་དུས་མཚམས་སུ་སླེབས་ནས་ལས་མི་བསྡུ་དཀའ་བ་དང་མི་ཤུགས་ཀྱི་མ་གནས་མཐོ་བ་སོགས་ཀྱི་གནད་དོན་འཕྲད་ཡོད། ‘ཞའོ་ལན་ཅིང’གི་གཙང་སྦྲ་བྱེད་ཁྱོན་ཆེ་བ་མ་ཟད། ད་དུང་ཉིན་མཚན་དབྱེར་མེད་ངང་ལས་ཀ་བྱེད་ཐུབ་པས་མིག་སྔའི་ལས་རིགས་ཀྱི་དཀའ་གནད་བསལ་རྒྱུར་རམ་འདེགས་ཐུབ་ཡོད”ཅེས་དབྱི་ཐ་ལིའི་གཙང་སྦྲའི་ཞབས་ཞུའི་མཁོ་སྤྲོད་ཚོང་པ་མཱ་ཁེ·ལ་ཝ་ཆི་ཡིས་བརྗོད། ཡོ་རོབ་རྒྱལ་ཁབ་ཀྱི་ཚོང་ལས་བཟོ་སྐྲུན་མང་བ་དང་སྤྱོད་ཡུལ་སྣ་མང་གི་གཙང་སྦྲའི་དགོས་མཁོ་ཆེ་བས་ལས་ཕྱོད་དེ་བས་ཆེ་ཞིང་གཙང་སྦྲའི་མ་གནས་དེ་བས་དམའ་བའི“ཞའོ་ལན་ཅིང”ལ་དེ་བས་དགའ་བསུ་ཐོབ་ཡོད། དབྱིན་ཇིའི་ཟོག་འགྲུལ་ལྟེ་གནས་ཆེ་གྲས་ཕུད་སི་ཕེན་གྱི་བཟོ་གྲྭ་དང་། པེར་ཀྲེམ་གྱི་སྒོ་རྩིས་ཁྲོམ་ར། ནོར་ཝེ་ཡི་ལུས་རྩལ་ཁང་། ཡོ་རོབ་ཀྱི་རྒྱལ་ཁབ་གཞན་དག་གི་ཚོང་སྤྱོད་བཟོ་སྐྲུན་ཆེ་གྲས་བཅས་ལའང“ཞའོ་ལན་ཅིང”སྤྱོད་ཀྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།