དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རྒྱལ་ཁབ་གློག་དྲ་ལྷ་ས་གློག་འདོན་ཀུང་སིས་དྲ་མིག་ཁུལ་དུ་གློག་ཤུགས་ཞབས་འདེགས་ཞུས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-05-19

     ཉེ་ཆར། བོད་ལྗོངས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དང་རྒྱལ་ཁབ་གློག་དྲ་ལྷ་ས་གློག་འདོན་ཀུང་སིས་མཉམ་དུ“དྲ་མིག་ཁུལ་དུ་གློག་ཤུགས་ཞབས་འདེགས་ཞུས་ནས་མང་ཚོགས་དང་འབྲེལ་གཏུག་དམ་ཟབ་བྱེད་པའི”ཆེད་དོན་བྱེད་སྒོ་སྤེལ་ཞིང་། སྲིད་གཞུང་དང་ཁེ་ལས་མཉམ་ལས་བྱེད་སྟངས་བརྒྱུད། གློག་འདོན་ཞབས་ཞུ་སྡེ་ཁུལ་གྱི་དྲ་མིག་ཅན་དོ་དམ་མ་ལག་དང་ཕྱོགས་ཡོངས་ནས་མཉམ་འདྲེས་བྱས་ནས། མང་ཚོགས་ཀྱི་གློག་སྤྱོད་ཞབས་ཞུའི“མཐའ་མའི་འགག་གནད”ཀྱི་དཀའ་གནད་ཐག་གཅོད་ཤུགས་ཆེན་བྱས་པ་རེད།

    འབྲེལ་ཡོད་བླང་བྱ་གཞིར་བཟུང་། རྒྱལ་ཁབ་གློག་དྲ་ལྷ་ས་གློག་འདོན་ཀུང་སིས་ད་ཡོད་ཀྱི་ཞབས་ཞུའི་མ་ལག་ལེགས་སུ་བཏང་ཞིང་། སྟེགས་ཁུལ་གྱི་ཅིང་ལི་དྲ་མིག་གི་ཅིང་ལིར་རིམ་པ་སྤར་ནས་གློག་འདོན་ཞབས་ཞུའི་དོན་ཚན“དྲ་གཅིག་ཀུན་སྒྲུབ”མངོན་འགྱུར་བྱུང་ཡོད། སྡེ་ཁུལ་གྱི་དྲ་མིག་ཚང་མར་ཆེད་ལས་གློག་ཤུགས་ཞབས་ཞུའི་མི་སྣ་བཀོད་སྒྲིག་དང་སྡེ་ཁུལ་གྱི་དྲ་མིག་པ་དང་མཉམ་འགུལ་ལམ་སྲོལ་བཙུགས་ཏེ། ཞབས་ཞུའི་རྩིས་ཐོ་འཛུགས་པ་སོགས་ཀྱི་བྱ་ཐབས་བརྒྱུད། དྲ་མིག་ཅན་གྱི་ཞབས་ཞུ“ཕྱོགས་ཡོངས་ལ་ཁྱབ་པ”དང་། མི་སྣ“ལས་སྒོ་གཅིག་ལ་བྱང་ཞིང་ཀུན་ལ་མཁས་པ” ལས་སྒོ“མཐུན་སྦྱོར་མཉམ་ལས”ངང་སྒྲུབ་པ། ཞབས་འདེགས“ཞུ་ཐེངས་གཅིག་ལ་བྱུང་བ”བཅས་མངོན་འགྱུར་བྱུང་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོ་དེ“མང་ཚོགས་སྟོན་ཕྱོགས་སུ་བྱེད་པ་དང་། ཕྱི་ནང་ཟུང་འབྲེལ”གྱི་ཞབས་ཞུའི་རྣམ་པ་བཙུགས་ནས། སྡེ་ཁུལ་གྱི་ད་ཡོད་དྲ་མིག་སྡེ་ཚན་དུ་བྱས་ཏེ་གློག་འདོན་ཞབས་ཞུའི་དྲ་མིག་པ་བཀོད་སྒྲིག་བྱས་ཏེ་རྒྱུན་ལྡན་ཅན་གྱི་གློག་གཉེར་ལས་སྒོའི་ཞབས་འདེགས་དང་། ཞིབ་བཤེར་མྱུར་བཟོའི་ཞབས་འདེགས། གློག་རིན་བློ་འདྲིའི་ཞབས་འདེགས་བཅས་ཞུས་ཡོད། མི་ཧྲེང་རྒན་རྒོན་དང་དབང་པོ་སྐྱོན་ཅན་གྱི་ཁྱིམ་ཚང་སོགས་དམིགས་བསལ་ཚོགས་སྤྱིར་དམིགས་ནས། རང་འགུལ་གྱི་ཞབས་ཞུའི་ལམ་སྲོལ་བཙུགས་ཏེ་གློག་ཤུགས་བརྗོད་དོན་གཙོ་བོར་བྱེད་པའི་སྤྱི་ཕན་ཞབས་འདེགས་དུས་མཉམ་དུ་ཞུས་པ་རེད།

    གྲོང་ཨུད་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་པོའི་བླང་བྱ་དོན་འཁྱོལ་བྱས་ཏེ“ཁག་གཅིག་ལ་སྦུག་ཤུབས་གཡོག་པ་དང་། ཁག་གཅིག་གཅོད་པ། ཁག་གཅིག་ས་འོག་ཏུ་འཇུག་པ”བཅས་ཀྱི་ལས་ཀའི་བསམ་ཕྱོགས་བརྒྱུད། གློག་དྲའི་གློག་སྐུད་བཅོས་སྐྱོང་ལ་སྐུལ་འདེད་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།