“གཅིག་སེམས་གཅིག་སྦྲེལ། ཅིང་བོད་རྟགས་ཅན”གྱི་2025ལོའི་ཡུལ་སྐོར་མེ་འཁོར་པེ་ཅིང་ནས་ཐེངས་དང་པོ་བཏང་བ།
ཟླ་5ཚེས་16ཉིན། “གཅིག་སེམས་གཅིག་སྦྲེལ། ཅིང་བོད་རྟགས་ཅན”གྱི་2025ལོའི་ཡུལ་སྐོར་མེ་འཁོར་པེ་ཅིང་ནས་ཐེངས་དང་པོ་བཏང་བ་དང་། དུས་ཡུན་ཉིན་14ཡི་འགྲུལ་བཞུད་བྱེད་རིང་མེ་འཁོར་དེ་ཟི་ལིང་དང་། ལྷ་ས། ཉིང་ཁྲི་སོགས་བརྒྱུད་ཀྱི་ཡོད་པས་ཡུལ་སྐོར་བས་ལམ་བར་དུ་བོད་ཀྱི་མི་ཆོས་རིག་གནས་དང་རང་བྱུང་མཛེས་ལྗོངས་ལ་མྱོང་རོལ་བྱེད་ཆོག ཀྲུང་གོ་ལྕགས་ལམ་ཡུལ་སྐོར་ཚོགས་པའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ཀྲུང་གོ་ལྕགས་ལམ་ཡུལ་སྐོར་ཚོགས་པས་ད་དུང་ཟླ་7ཚེས་1དང་ཟླ་9ཚེས་9ཉིན“ཅིང་བོད་རྟགས་ཅན”གྱི་ཡུལ་སྐོར་མེ་འཁོར་མུ་མཐུད་གཏོང་རྒྱུ་རེད། འདི་ནི་ཟླ་5ཚེས་16ཉིན། ཡུལ་སྐོར་བས“གཅིག་སེམས་གཅིག་སྦྲེལ། ཅིང་བོད་རྟགས་ཅན”གྱི་2025ལོའི་ཡུལ་སྐོར་མེ་འཁོར་གྱི་མདུན་དུ་ལས་དོན་པ་དང་མཉམ་དུ་དྲན་རྟེན་པར་རྒྱག་བཞིན་པ།