དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཚེ་རིང་སྟོབས་རྒྱལ་གྱིས“བསླས་འཐག་གི་ཕུགས་འདུན་བར་མཐོངས”བཏོད་ནས་སོར་རྩེའི་ལག་ཤེས་རྒྱུན་འཛིན་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-05-19

    ནག་ཆུ་གྲོང་ཁྱེར་སོག་རྫོང་རོང་པོ་གྲོང་རྡལ་རྒྱས་རིག་ཐང་གྲོང་ཚོར་ཕྲུ་གུ་ཚོར་ཆེད་མངགས་བསྐྲུན་པའི“བསླས་འཐག་གི་ཕུགས་འདུན་བར་མཐོངས”ཤིག་ཡོད།

    “བསླས་འཐག་གི་ཕུགས་འདུན་བར་མཐོངས”ཀྱི་སྦྱིན་བདག་ནི་ལག་རྩལ་པ་ཚེ་རིང་སྟོབས་རྒྱལ་ཡིན་ཞིང་། ཕྲུ་གུ་ཚོར“བསླས་འཐག་གི་ཕུགས་འདུན་བར་མཐོངས”དེ་སྐྲུན་ཆེད། ཁོང་གིས་རང་ཉིད་ཀྱིས་བསྡུ་རུབ་བྱས་པའི་ཅ་དངོས་རྙིང་པ་ཚང་མ་འདིར་བསྐྱལ་ཡོད་པས་ཕྲུ་གུ་ཚོ་སློབ་གསེང་རིང་བསླས་འཐག་གི་སྤྲོ་སྣང་རོལ་རྩེད་ལ་རོལ་ཆོག་གི་ཡོད། སོར་རྩེ་འགུལ་བ་དང་བསྟུན་ནས་སྲོལ་རྒྱུན་གྱི་ལག་ཤེས་རྒྱུན་འཛིན་ཐུབ་པ་མ་ཟད་སྐྱེ་སྟོབས་ཀྱི་གསོན་ཤུགས་འཕེལ་བར་བྱས། 

    ལོ་མང་རིང་ཚེ་རིང་སྟོབས་རྒྱལ་གྱིས་ཀོ་ཆས་བཟོ་བའི་ལག་ཤེས་ཡག་ཏུ་བཏང་ནས“སོར་རྩེའི་ལག་རྩལ”ཟམ་མི་ཆད་པར“སོར་རྩེའི་ཕན་འབྲས”སུ་བསྒྱུར་ཡོད། “དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ”གྱི་རྣམ་པ་བརྒྱུད་ཀོ་ཆས་ཐོན་རྫས་དང་འཚོ་བའི་མཁོ་ཆས་ཁྱབ་གདལ་དང་ཕྱིར་ཚོང་ཧུར་ཐག་བྱས་པས་ཁྱིམ་ཚང་གི་དཔལ་འབྱོར་ཡོང་འབབ་བརྟན་པོའི་ངང་འཕར་ཡོད། ཁོང་གི་ཁྱིམ་གྱི་ཚོང་ཁང་ནང་བསྒྲིགས་པའི་ཐོན་རྫས་ཀྱི་གྲས་སུ་ཁྱད་ཆོས་ཆེ་ཤོས་ནི་རྟ་སྒའི་དབྱིབས་ཀྱི་ལྟོ་ཕད་དེ་ཡིན་ཞིང་དེ་ཡང་སྐུ་མགྲོན་ཚོས་དགའ་པོ་བྱེད་པའི“ཐོན་རྫས་གྲགས་ཅན”ཞིག་ཏུ་གྱུར་ཡོད།

    “ཚེ་རིང་སྟོབས་རྒྱལ་གྱི་ཚོང་ཁང་ནང་གི་ཀོ་ཆས་ཀྱི་སྤུས་ཀ་ལེགས་པ་མ་ཟད། རིན་གོང་ཡང་ཁེ་བས་ངས་རྟག་ཏུ་དེ་ནས་ཀོ་ཆས་སྣ་ཚོགས་ཉོ་ཡི་ཡོད”ཅེས་སྐུ་མགྲོན་ཤེས་རབ་ཀྱིས་གསར་འགོད་པར་བཤད།

    ཚེ་རིང་སྟོབས་རྒྱལ་གྱི་ངོས་ནས་བརྗོད་ན་ཀོ་ཆས་བཟོ་བ་ནི་ལྟོ་གོས་འཚོ་ཐབས་ཀྱི་ལག་རྩལ་ཙམ་མ་ཟད། ལོ་བཅུ་ཕྲག་ཁ་ཤས་རིང་ཉིན་གཅིག་ལྟར་རྒྱུན་འཛིན་དང་གསར་གཏོད་བྱེད་པའི་ཁོང་གི་སེམས་ཤུགས་ཤིག་དེ་བས་ཀྱང་རེད།

    ཀོ་ཆས་བཟོ་བའི་སྲོལ་རྒྱུན་གྱི་ལག་རྩལ་དེ་མི་རབས་ནས་མི་རབས་བར་རྒྱུན་འཛིན་དང་དར་རྒྱས་ཆེན་པོ་གཏོང་ཆེད། ཚེ་རིང་སྟོབས་རྒྱལ་གྱིས“ལག་རྩལ་པ”ནས“ལག་རྩལ་སྲུང་བའི”བར་རིམ་བཞིན་འགྱུར་ལྡོག་བཏང་སྟེ་རང་ཉིད་ཀྱིས་ཤེས་པའི་ལག་རྩལ་དེ་ཕྲུ་གུ་ཚོར་བུམ་པ་གང་བྱོའི་ཚུལ་དུ་བསླབ་ཀྱི་ཡོད།

    ལོ་12ལ་སླེབས་པའི་པད་མ་གཡུ་སྐྱིད་ནི་ཆུང་དུས་ནས་ཨ་ཕ་ཚེ་རིང་སྟོབས་རྒྱལ་གྱི་ཤུགས་རྐྱེན་ལས་ཀོ་ཆས་བཟོ་རྒྱུར་དགའ་པོ་བྱེད་མཁན་ཞིག་ཏུ་གྱུར་ཡོད་ཅིང་། ནམ་རྒྱུན་པད་མ་གཡུ་སྐྱིད་ཀྱིས་ཨ་ཕའི་འཁྲིས་སུ་བསྡད་ནས་ཁབ་སྐུད་རེ་རེ་བཞིན་ནན་གྱིས་སྦྱངས་ཏེ། ཀོ་བའི་རྒྱུ་ཆ་རེ་རེ་བློ་རྩེ་གཅིག་སྒྲིམ་གྱིས་འཚེམ་བཞིན་ཡོད། ཨ་ཕའི་མཛུབ་ཁྲིད་འོག་ད་ཆ་པད་མ་གཡུ་སྐྱིད་ཀྱིས་ཀོ་ཆས་བཟོ་བའི་ལག་རྩལ་གྱི་གནད་འགག་ཁོང་དུ་ཆུད་པ་མ་ཟད། བཟོ་རྩལ་ཡང་སྔར་བས་བྱང་ཆ་ལྡན་པར་འགྱུར་ཡོད།

    “དགུན་ཁ་དང་དབྱར་ཁའི་གུང་གསེང་རིང་ང་རང་དགའ་ཤོས་ནི་ཨ་ཕའི་འཁྲིས་ནས་ཀོ་ཆས་བཟོ་སྟངས་ལ་སློབ་སྦྱོང་བྱེད་པ་དེ་ཡིན”ཞེས་པད་མ་གཡུ་སྐྱིད་ཀྱིས་བཤད།

    ཚེ་རིང་སྟོབས་རྒྱལ་གྱི་ཁ་བཤད་དཔེ་སྟོན་འོག་ཕྲུ་གུ་དེ་བས་མང་བ་ཡ་མཚན་སྐྱེ་བ་ནས་དགའ་ཞེན་བྱེད་མཁན་དུ་གྱུར་ཏེ། ཀོ་ཆས་བཟོ་བའི་ནང་ཞུགས་ནས་ལག་རྩལ་རྒྱུན་འཛིན་པར་གྱུར་ཡོད།

    ཕྲུ་གུ་ཚོར་སློབ་སྦྱོང་གི་ཁོར་ཡུག་དེ་བས་ཡག་པོ་གཏོད་ཆེད། ཚེ་རིང་སྟོབས་རྒྱལ་གྱིས“བསླས་འཐག་གི་ཕུགས་འདུན་བར་མཐོངས”ཆེད་མངགས་བསྐྲུན་ཡོད། འདིར་ལག་ཆ་སྣ་ཁ་འཛོམས་ཤིང་རྒྱུ་ཆ་ཕུན་སུམ་ཚོགས་པོ་ཡོད། ཚེ་རིང་སྟོབས་རྒྱལ་གྱིས་ཀོ་ཆས་ཀྱི་རྨང་གཞིའི་ཤེས་བྱ་ནས་ཁྲིད་འགོ་བཙུགས་ཏེ་དྲས་གཏུབ་དང་འཚེམ་བཟོ་སོགས་ཀྱི་ལས་རིམ་ཞིབ་ཕྲ་ཚང་མ་ཚོད་འཛིན་ནན་པོ་བྱེད་ཀྱི་ཡོད། ཚེ་རིང་སྟོབས་རྒྱལ་གྱི་བུ་མོ་རྒན་ཤོས་སྒྲོལ་མ་ཚེ་རིང་གིས“ཨ་ཕའི་མཛུབ་ཁྲིད་འོག་ངས་ཀོ་བ་མཉེད་པ་དང་ཀོ་ཆས་བཟོ་བའི་ལག་རྩལ་ཤེས་བྱུང་། ངས་བཏགས་པའི་རྒྱན་ཆ་ཚང་མ་ང་རང་གིས་བཟོས་པ་ཤ་སྟག་ཡིན། སླད་ཕྱིན་ངས་ཀོ་ཆས་བཟོ་བའི་ལག་རྩལ་འདི་དར་རྒྱས་ཆེན་པོ་གཏོང་གི་ཡིན”ཞེས་སྤོབས་པ་ཆེན་པོས་བཤད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།