དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཉིང་ཁྲི་གྲོང་ཁྱེར་མི་སྤྱི་ཅུས་ཀྱིས་ལྗོངས་ཕྱིའི་མཐོ་སློབ་ནས་ལས་མི་གདན་ཞུ་ཐོག་མར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-05-19

     ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་ཐུབ་པར་སྐུལ་འདེད་གཏོང་ཆེད། ཉེ་ཆར“ཤེས་ལྡན་མི་སྣ་ཉིང་ཁྲིར་འཛོམས། ལང་ཚོའི་ཕུགས་འདུན་མངོན་འགྱུར་བྱེད”ཅེས་པའི་ཉིང་ཁྲི་གྲོང་ཁྱེར་གྱི་2025ལོའི་སྤྱི་པའི་ལས་ཞུགས་ཞབས་ཞུ་སློབ་གྲྭར་སྤེལ་བའི་གདན་ཞུའི་བྱེད་སྒོ་བོད་ལྗོངས་མི་རིགས་སློབ་ཆེན་དུ་དངོས་སུ་འགོ་ཚུགས་པ་རེད།

    ཉིང་ཁྲི་གྲོང་ཁྱེར་མི་སྤྱི་ཅུས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་མཛུབ་ཁྲིད་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན་ཤཱ་ཏུང་ཧྲེང་གིས་ངོ་སྤྲོད་བྱས་པར། བྱེད་སྒོ་སྤེལ་བའི་ཉིན་དེར་ཐེམ་ཁུངས་བོད་ནས་ཡིན་པའི་སློབ་ཐོན་སློབ་མ་ཁྱོན་1200ལྷག་ཙམ་གདན་ཞུར་ཡོང་བ་དང་། དྲ་ཐོག་དང་དྲ་ཕྱི་བརྒྱུད་རང་ཉིད་ཀྱི་ལོ་རྒྱུས་མདོར་བསྡུས་1000ལྷག་ཙམ་བསྐུར་བ། ས་གནས་ས་ཐོག་ཏུ་མི་356ཀྱི་ལས་ཞུགས་འདུན་པ་མངོན་འགྱུར་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།