དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • དུས་ཚིགས་དང་པོར་གྲངས་འཛིན་ཐོན་ལས་ཀྱི་ལས་སྒོའི་ཡོང་འབབ་དུས་མཚུངས་ལས་9.4%འཕར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-05-18

    གསར་འགོད་པས་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ནས་ཤེས་རྟོགས་བྱས་པར། དུས་ཚིགས་དང་པོར་རང་རྒྱལ་གྱི་གྲངས་འཛིན་ཐོན་ལས་ཀྱི་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར་8.5ཟིན་པ་དེ་དུས་མཚུངས་ལས་9.4%འཕར་བ་དང་འཕར་ཚད་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆའི་གྲངས་4.4འཕར་ཡོད། ཁེ་སྤོགས་དངུལ་འབོར་སྒོར་དུང་ཕྱུར་5721ཟིན་པ་དེ་དུས་མཚུངས་ལས་7.0%འཕར་བ་དང་དམིགས་ཚད་གཙོ་བོའི་འཕར་ཚད་མགྱོགས་སུ་ཕྱིན་པ་དང་གསར་གཏོད་གྲུབ་འབྲས་མགྱོགས་མྱུར་ངང་ཐོན་ཡོད།

    གྲངས་འཛིན་གྱི་རྨང་གཞིའི་སྒྲིག་བཀོད་མུ་མཐུད་ལེགས་སྒྱུར་རིམ་སྤོར་བྱུང་ཞིང་། ཟླ་3པའི་ཟླ་མཇུག་བར། རང་རྒྱལ་གྱིས་5Gསྦྲེལ་ཚུགས་ཁྲི་439.5བསྐྲུན་པ་དང་འཕྲིན་གཏོང་དྲ་རྒྱ་5G-Aལ་མགྱོགས་མྱུར་རིམ་སྤོར་བྱུང་བ་དང་གྲོང་ཁྱེར་86ལ་ཀྲའོ་ཁྲི་ཡི་འོད་དྲའི་ཚོད་ལྟའི་བཀོད་སྒྲིག་བྱེད་འགོ་ཚུགས་པ་རེད། རྒྱལ་ཡོངས་སུ་སྤྱོད་བཞིན་པའི་རྩིས་ནུས་ལྟེ་གནས་ཀྱི་ཚད་ལྡན་འཁོར་སྒྲོམ་ཁྲི་900ལས་བརྒལ་བ་དང་གཞི་གཅིག་ཅན་གྱི་རྩིས་ནུས་དྲ་རྒྱ་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་ཡོད། རིམ་རྩིས་བརྒྱབ་ན། 5Gརྟོག་བཟོའི་ཆེད་སྤྱོད་དྲ་རྒྱ་ཁྲི་5.8བསྐྲུན་པ་དག་བཟོ་ལས་དང་། གྲུ་ཁ། ནུས་རྒྱུ་སོགས་གཙོ་གནད་ཉེར་སྤྱོད་བྱ་ཡུལ་དུ་ཁྱབ་ཡོད་པ་རེད།

    གཙོ་གནད་ལས་རིགས་ཀྱི་འཁོར་རྒྱུག་བརྟན་པོ་ཡོད་ཅིང་། གཞི་ཁྱོན་ཡན་གྱི་རྩིས་འཁོར་འཕྲིན་གཏོང་དང་གློག་རྡུལ་སྒྲིག་ཆས་བཟོ་སྐྲུན་ལས་རིགས་གཞན་དག་གི་འཕར་ཐང་དུས་མཚུངས་ལས་11.5%འཕར་བ་དང་དུས་མཚུངས་ཀྱི་བཟོ་ལས་ལས་བརྒྱ་ཆའི་གྲངས་5ཡིས་མཐོ་བ་ཡོད་པ་རེད། རྒྱལ་ནང་གི་ལག་ཐོགས་ཁ་པར་ཕྱིར་ཚོང་བྱེད་ཚད་དུས་མཚུངས་ལས་3.3%འཕར་ནས་དུས་ཚིགས་བདུན་བསྟུད་མར་འཕར་བ་རྒྱུན་འཁྱོངས་ཐུབ་པ་དང་རིག་ནུས་ཀྱི་གྱོན་ཆོག་པའི་སྒྲིག་ཆས་དང་། མི་མེད་འཕུར་ཆས། རིག་ལྡན་འཁོར་ཐོག་སྒྲིག་ཆས་བཅས་ལས་རིགས་ཀྱི་ཡོང་འབབ་ཚང་མ་གྲངས་གནས་གཉིས་འཕར་ཡོད་པ་རེད། མཉེན་ཆས་ལས་རིགས་ཀྱི་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར་ཁྲི་3.1ལེགས་གྲུབ་བྱུང་བ་དེ་དུས་མཚུངས་ལས་10.6%འཕར་ཡོད།

    གསར་དར་སྒུལ་ནུས་གསོག་འཇོག་ཇེ་ཆེར་སོང་ཞིང་། གློག་རྡུལ་ཆ་འཕྲིན་བཟོ་སྐྲུན་ལས་རིགས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་10.5%འཕར་ཡོད། ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་གལ་ཆེན་རྒྱུན་ཆད་མེད་པར་ཐོན་པ་དང་མི་ཐབས་རིག་ནུས་དང་མི་གཟུགས་འཕྲུལ་མི་སོགས་གསར་དར་ཁྱབ་ཁོངས་ཀྱི་མ་འཇོག་དང་མ་དངུལ་བསྡུ་སྒྲིལ་བྱེད་ཚད་ཅུང་མཐོ་པོ་རྒྱུན་འཁྱོངས་ཐུབ་ཡོད། “མི་ཐབས་རིག་ནུས་+”ཀྱི་བཀོལ་སྤྱོད་ནུས་པ་ཆེ་རུ་ཕྱིན་པ་དང་ཚན་རྩལ་ཁེ་ལས་ཀྱིས་མི་ཐབས་རིག་ནུས་ཀྱི་མིག་ཤེལ་སོགས་རིག་ནུས་མཁྲེགས་ཆས་མགྱོགས་མྱུར་ངང་བཏོན་པ་དང་། མི་ཐབས་རིག་ནུས་ལག་ཐོགས་ཁ་པར་དང་གློག་ཀླད་ཕྱིར་ཚོང་གི་བསྡུར་ཚད་བཟུང་ཚད་མགྱོགས་མྱུར་འཕར་ཞིང་། གཙོ་གནད་ཁྱབ་ཁོངས་ཀྱི་བཟོ་སྐྲུན་ཁེ་ལས་དཔེ་དབྱིབས་ཆེན་མོར་འབྲེལ་མཐུད་ཀྱིས་ཐོན་སྐྱེད་བཟོ་སྐྲུན་དང་། ཐོན་རྫས་ཉམས་ལེན། བཙོངས་རྗེས་ཞབས་ཞུ་སོགས་འགག་རྩའི་ལྷུ་ཚིགས་ཀྱི་ཕན་ནུས་ཆེ་རུ་གཏོང་བར་སྐུལ་འདེད་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།