ཀྲེ་ཅང་དབྱི་ཝུའུ་རུ་ཕྱི་སྐད་སློབ་སྦྱོང་བྱས་ནས་ཚོང་དོན་གོ་སྐབས་རྒྱ་ཆེར་བཏང་བ།
འདི་ལོའི་ཟླ་3པ་ནས་བཟུང་། ཀྲེ་ཅང་ཞིང་ཆེན་དབྱི་ཝུའུ་རྒྱལ་སྤྱིའི་ཚོང་གྲོང“ཕྱི་སྐད་ཞོགས་སྦྱོང་རྟེན་གཞི”ཡིས་ཚོང་པ་ཚང་མར་ཕྱོགས་ནས་དབྱིན་ཡིག་དང་། ཨ་རབ་ཡིག་རིགས། སི་ཕེན་གྱི་ཡིག་རིགས་བཅས་ཀྱི་སློབ་ཚན་རིན་མེད་ངང་འཚོགས་པ་དང་། སློབ་སྦྱོང་དུས་ཚོད་ནི་གཟའ་ཟླ་བ་ནས་གཟའ་པ་སངས་བར་གྱི་སྔ་དྲོ་ཡིན་པ་རེད། ཚོང་པ་ཚོས་སྔ་དྲོ་ཚོང་གཉེར་མ་བྱས་གོང་གི་དུས་ཚོད་སྤྱད་དེ“ཕྱི་སྐད་ཞོགས་སྦྱོང་རྟེན་གཞིར”ཡོང་ནས་ཕྱི་ཕྱོགས་ཉོ་ཚོང་གི་རྒྱུན་སྤྱོད་ཕྱི་སྐད་སློབ་སྦྱོང་བྱས་ནས་ཕྱི་རྒྱལ་གྱི་སྐུ་མགྲོན་དང་འབྲེལ་གཏུག་སྤེལ་རེས་བྱེད་པའི་འཇོན་ཐང་ཆེ་རུ་བཏང་ཡོད། འདི་ནི་ཚོང་པས་དབྱི་ཝུའུ་རྒྱལ་སྤྱིའི་ཚོང་གྲོང་དུ་དགེ་རྒན་དང་མཉམ་དུ་སི་ཕན་གྱི་སྐད་ཡིག་སྦྱོང་བཞིན་པ།