དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ལོ་རྒྱུས་ཀྱི་ཤུལ་ལུས་གནད་དོན་ཡོད་པའི་ཁང་པ་ཁྲི་2000ལྷག་ཙམ་ལ་ཐག་གཅོད་ཇུས་གཞི་བཏོན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-05-18

    གསར་འགོད་པར་ཚེས་15ཉིན་རང་བྱུང་ཐོན་ཁུངས་པུའུ་ཡིས་འཚོགས་པའི་སྨྱན་སྦྱོར་བཞུགས་མོལ་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། གཏན་འཇགས་རྒྱུ་ནོར་གཅིག་གྱུར་ཐོ་འགོད་ལག་བསྟར་བྱས་ཚུན་རྒྱལ་ཡོངས་སུ་རིམ་རྩིས་བརྒྱབ་ན། ལོ་རྒྱུས་ཀྱི་ཤུལ་ལུས་གནད་དོན་ཡོད་པའི་ཁང་པ་ཁྲི་2000ལྷག་ཙམ་ཐག་གཅོད་བྱས་པ་དང་། ལྷག་པར་དུ་2024ལོ་ནས་བཟུང་། རྒྱལ་ཡོངས་སུ་དུས་ཡུན་རིང་པོར་གསོག་ཐེབས་པ་དང་སྡེ་ཚན་སྒྲོལ་བའི་ཐག་གཅོད་བྱེད་དཀའ་བའི་གནད་དོན་ཡོད་པའི་ཁང་པ་ཁྲི་340ལྷག་ཙམ་ཐག་གཅོད་བྱས་པ་དང་། ཐག་གཅོད་ལས་དོན་མགྱོགས་མྱུར་སྤེལ་བར་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། ས་གནས་ཁག་དང་སྡེ་ཚན་ཁག་གིས་ཐུན་མོང་འབད་བརྩོན་བྱས་པ་བརྒྱུད། ལོ་རྒྱུས་ཀྱི་ཤུལ་ལུས་གནད་དོན་འབོར་ཆེན་ཐག་གཅོད་ནུས་ལྡན་བྱུང་ནས་རིམ་རྩིས་བརྒྱབ་ན། མང་ཚོགས་ཁྲི་5000ལྷག་ཙམ་ལ་ཕན་པ་ཐོབ་ཡོད། ཆུས་དང་རྫོང་2100ཙམ་གྱིས“གཏའ་འབྱར་ཐེམ་སྒྱུར”ལས་སྒོ་ཐེངས་ཁྲི་50.7བསྒྲུབས་པ་དང་། འཚོང་མཁན་གྱི་གཏའ་འཇོག་དངུལ་གྲངས་སྒོར་དུང་ཕྱུར་6400ལྷག་ཙམ་དང་འབྲེལ་བ་ཡོད་པས་ཁེ་ལས་དང་མང་ཚོགས་ཀྱི་ཉོ་ཚོང་མ་གནས་དམའ་རུ་ནུས་ལྡན་ཕྱིན་ཡོད། རྫོང་དང་གྲོང་ཁྱེར་2200ལྷག་ཙམ་གྱིས་གསར་དུ་བསྐྲུན་པའི་ཚོང་སྒྱུར་སྡོད་ཁང་རྣམ་གྲངས་ཀྱི“ཁང་པ་སྤྲོད་དུས་ལག་ཁྱེར་སྤྲོད་པའི”སྒྱུར་བཅོས་ལག་བསྟར་བྱས་པ་དང་། རྣམ་གྲངས་ཁྲི་9ལྷག་ཙམ་ལ་ཁྱབ་པའི་ཁང་པ་ཁྲི་800ལྷག་ཙམ་ཡོད་པ་དང་། མང་ཚོགས་ཁྲི་1800ལྷག་ཙམ་ལ་ཁང་པ་གསར་པའི་ལྡེ་མིག་རག་པ་དང་དུས་མཚུངས་གཏན་འཇགས་རྒྱུ་ནོར་གྱི་ལག་ཁྱེར་ཡང་རག་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།