དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • པེ་ཅིང་དང་ཐེན་ཅིན་གྱི་རྨང་གཞིའི་སློབ་གསོའི་ཐོན་ཁུངས་སྤུས་ལེགས་ཞུང་ཨན་དང་མཉམ་སྐྲུན་མཉམ་སྤྱོད་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-05-18

    ཟླ་5ཚེས་15ཉིན། སློབ་གསོ་པུའུ་དང་དེ་བཞིན་པེ་ཅིང་དང་ཐེན་ཅིན་དང་ཧོ་པེ་བཅས་ས་གནས་གསུམ་གྱི་སློབ་གསོའི་སྡེ་ཚན་གྱིས་ཞུང་ཨན་ཁུལ་གསར་དུ་མཉམ་འབྲེལ་ཐོག་པེ་ཅིང་དང་ཐེན་ཅིན་གྱི་སློབ་གྲྭ་འབྲིང་ཆུང་གི་རྨང་གཞིའི་སློབ་གསོའི་ཐོན་ཁུངས་སྤུས་ལེགས་དེ་ཞུང་ཨན་དང་མཉམ་སྤྱོད་ཀྱི་སྐས་རིམ་དུ་སྤོ་བའི་སྐུལ་སྤེལ་ཚོགས་འདུ་འཚོགས་ཤིང་། པེ་ཅིང་དང་ཐེན་ཅིན་གྱི་སྣེ་ཁྲིད་སློབ་སྤྱི(ཁང)གྲགས་ཅན་གྱི་ལས་དོན་ཁང་ཁག་གཅིག་ཞུང་ཨན་ཁུལ་གསར་དུ་གཞིས་ཆགས་པ་དང་། ཅིང་ཞུང་དང་ཅིན་ཞུང་གི་ཁྱོན་བསྡོམས་ཆ་སྒྲིག་སློབ་གྲྭ་11གིས་ལག་གདང་སྦྲེལ་ནས་མཉམ་སྐྲུན་བྱས་པ་རེད།

    ཞུང་ཨན་ཁུལ་གསར་དུ་པེ་ཅིང་དང་ཐེན་ཅིན་གྱི་རྨང་གཞིའི་སློབ་གསོའི་ཐོན་ཁུངས་སྤུས་ལེགས་ཀྱི་སྐུལ་ཁྲིད་ནུས་པ་འདོན་ཆེད། པེ་ཅིང་གྲོང་ཁྱེར་ཧྥུང་ཐའེ་ཆུས་ལས་རིགས་སློབ་གསོའི་ལྟེ་གནས་སློབ་གྲྭ་དང་། པེ་ཅིང་གྲོང་ཁྱེར་ཧའེ་ཏེན་ཆུས་ཀྲུང་ཀོན་ཚུན་སློབ་ཆུང་གསུམ་པ། པེ་ཅིང་གྲོང་ཁྱེར་སློབ་འབྲིང་བརྒྱད་ཅུ་པ། པེ་ཅིང་གྲོང་ཁྱེར་ཁྲའོ་དབྱང་ཆུས་ཚོད་ལྟའི་སློབ་ཆུང་སོགས་པེ་ཅིང་གྲོང་ཁྱེར་གྱི་སྣེ་ཁྲིད་སློབ(ཁང)སྤྱི་གྲགས་ཅན་གྱི་ལས་དོན་ཁང་5དང་། དེ་བཞིན་ཐེན་ཅིན་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་སོགས་སྣེ་ཁྲིད་སློབ(ཁང)སྤྱི་གྲགས་ཅན་གྱི་ལས་དོན་ཁང་4ཁུལ་གསར་དུ་གཞིས་ཆགས་ཏེ། ཁུལ་གསར་གྱི་རྨང་གཞིའི་སློབ་གསོར་བརྒྱུད་རོགས་ཁྲིད་གསུམ་བྱས་པ་རེད།

    པེ་ཅིང་དང་ཐེན་ཅིན་གྱི་སློབ་གྲྭ་འབྲིང་ཆུང་སྤུས་ལེགས་དེ་བས་མང་བ་ནང་འདྲེན་བྱས་ནས་ཁུལ་གསར་གྱི་སློབ་གྲྭར་རོགས་རམ་བྱ་ཆེད། པེ་ཅིང་གྲོང་ཁྱེར་ཁྲེན་ཅིང་ལུན་སློབ་འབྲིང་ཅ་མིང་ཡན་ལག་སློབ་གྲྭ་དང་ཐེན་ཅིན་གྲོང་ཁྱེར་ཚོད་ལྟའི་སློབ་འབྲིང་སོགས་སློབ་གྲྭ་11གིས་ཞུང་ཨན་ཁུལ་གསར་གྱི་འབྲེལ་ཡོད་སློབ་གྲྭ་དང་ལག་གདང་སྦྲེལ་ནས་མཉམ་སྐྲུན་བྱས་པ་རེད།


    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།