དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ལྔ་བཞི་གཞོན་ནུའི་སྤེལ་རེས་ཚོགས་འདུ་པེ་ཅིང་དུ་འཚོགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-05-18

    ཉེ་ཆར། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ལྔ་བཞི་གཞོན་ནུའི་སྤེལ་རེས་ཚོགས་འདུ་པེ་ཅིང་དུ་འཚོགས་པ་རེད། ཚོགས་འདུར་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་དང་ལས་ཁུངས་ཏང་འཛུགས་སྐྱོང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་བྱས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞེ་དབྱི་ཐེ་སློབ་ཆུང་གི་མཐའ་སྲུང་སློབ་སྐྱོར་ནུབ་རྒྱུད་འཆར་གཞིའི་དང་བླངས་ཞབས་ཞུའི་རུ་ཁག་གི་རུ་མིར་སྤྲིངས་པའི་འཕྲིན་ལན་གྱི་དགོངས་དོན་ལ་གོ་བ་གཏིང་ཟབ་བླངས་ནས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་རྒྱ་ཆེའི་གཞོན་ནུས་སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རིང་འགན་སེམས་གསར་པ་མངོན་པ་དང་བྱས་རྗེས་གསར་པ་བཞག་སྟེ། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཁྲོད་འགན་འཁྲི་ཕྲག་ཏུ་འཁུར་དགོས་པའི་སྐུལ་མ་བཏང་བ་རེད།

    ཚོགས་འདུར་བསྟན་དོན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་ཨུ་ལྷན་གྱིས་གཞོན་ནུའི་ལས་དོན་དམིགས་བསལ་དོད་པའི་གནས་བབ་ཏུ་འཇོག་རྒྱུ་མཐའ་འཁྱོངས་ཀྱིས། “སློབ་ཚན་ཁག་གསུམ་ཡག་པོ་སྦྱངས་ཏེ། སྒྱུར་བཅོས་ཀྱི་གདོང་ལེན་པ་བྱེད་པའི”ན་གཞོན་ལས་བྱེད་པའི་སློབ་གསོ་ཁྲིད་སྟོན་གྱི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི་བཟོས་ཏེ་ལག་ལེན་བསྟར་ནས། ན་གཞོན་ལས་བྱེད་པའི་སློབ་གསོ་ཁྲིད་སྟོན་ལས་དོན་གཏིང་ཟབ་དང་ཏན་ཏིག་སྤེལ་བར་རྒྱུན་མཐུད་སྐུལ་འདེད་བཏང་ཡོད། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་གུང་གཞོན་སྡེ་ཚོགས་རྩ་འཛུགས་ཀྱིས་དུས་རབས་གསར་པ་དང་རྒྱང་ལམ་གསར་པར་ཏང་གི་ལྟེ་བའི་ལས་འགན་ལ་དམ་པོར་དམིགས་ཏེ། སྟོབས་ཤུགས་སྔར་བས་ཆེན་པོ་དང་བྱ་ཐབས་སྔར་བས་ཏན་ཏིག་ལ་བརྟེན་ནས་གཞོན་ནུའི་ལས་དོན་ལ་སྐུལ་འདེད་བཏང་སྟེ། གཞོན་ནུའི་སྟོབས་གསར་དམག་དཔུང་གི་ནུས་པ་གང་ལེགས་འདོན་པའི་ཐད་མདུན་ཕྱོགས་སུ་སྐྱོད་པ་དང་དཔེ་སྟོན་ཐུབ་པ་བྱེད་དགོས།

    ཚོགས་འདུར་ནན་བཤད་བྱས་དོན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་རྒྱ་ཆེའི་གཞོན་ནུས་བྱ་སྤྱོད་དངོས་ལ་བརྟེན་ནས“གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་བྱེད་པ། སྔོན་ཐོན་ལ་དཔེ་བསྡུར་བྱས་ཏེ་རིགས་པའི་གཞུང་ལུགས་ཀྱི་སློབ་ཚན་ཡག་པོ་སྦྱོང་བ། རྒྱུན་སྲིང་ལྷོད་མེད་ཀྱིས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་ཐུབ་པ་བཅས་བྱས་ཏེ། དད་སེམས་བརྟན་པ་དང་སློབ་སྦྱོང་ལ་བརྩོན་སེམས་ཆེ་བའི་གཞོན་ནུའི་གདོང་དམག་བྱེད་དགོས་པ་དང་། ཏང་གཤིས་ཞུན་བརྡར་གྱི་སློབ་ཚན་ཡག་པོ་སྦྱངས་ཏེ་རང་ངོས་ཞུན་བརྡར་དང་། རང་གཅུན་རང་འདོམས། རང་ཉིད་སྒྱུར་བཅོས་བཅས་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས། ཏང་ལ་ལྷག་བསམ་རྣམ་དག་དང་རང་གཅུན་ཐུབ་པའི་གཞོན་ནུའི་གདོང་དམག་བྱེད་དགོས། གཞི་རིམ་གྱི་ལག་ལེན་སློབ་ཚན་ཡག་པོ་སྦྱངས་ནས། རྒྱུན་དུ་གཞི་རིམ་དུ་སྐྱོད་པ་དང་མང་ཚོགས་དང་འབྲེལ་འདྲིས་བྱས་ཏེ་དཀའ་སྤྱད་འབད་འཐབ་དང་སྤྱོད་ཚུལ་ལེགས་པའི་གཞོན་ནུའི་གདོང་དམག་བྱེད་དགོས། མིག་སྔར་ན་གཞོན་ལས་བྱེད་པས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་ལེན་གཏིང་ཟབ་བསྟར་བའི་སློབ་སྦྱོང་སློབ་གསོར་དམ་འཛིན་གང་ལེགས་བྱས་ཏེ་སྤྱོད་ཚུལ་འཛུགས་སྐྱོང་གི་ཕན་འབྲས་གསར་པར་བརྟེན་ནས་ན་གཞོན་ལས་བྱེད་པའི་རྣམ་པ་གསར་པ་དང་སྣང་ཚུལ་གསར་པ་མངོན་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།