དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་བཟའ་བཅས་ཡོ་རོབ་ཀྱི་ཞིང་ལས་ཐོན་རྫས་ཁྲོམ་ར་ཕུན་སུམ་ཚོགས་སུ་ཕྱིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-05-18

    འདི་ལོ་ཧྥ་རན་སེའི་གྲགས་ཅན་སྤུས་ལེགས་ཀྱི་ཀོག་ཧྥེ་སྤུས་རྟགས་TANATཡིས་ཡུན་ནན་པའོ་ཧྲན་ཧུང་ལུང་གཞིས་ཀ་ནས་ཐོན་པའི་ཀོག་ཧྥེ་ཐོན་རྫས་ཁག་གཉིས་བཏོན་ཡོད། སྤུས་རྟགས་དེའི་དབུ་བཞུགས་ལག་རྩལ་པ་ཐོ་མཱ·ཁེ་ལེ་མང་གིས། ཡུན་ནན་གྱི་ཀོག་ཧྥེ་འབྲུ་གུའི་བྲོ་བ་ཞིམ་ལ་ཁ་ལ་འཇམ་པ་མ་ཟད། ས་ཁོངས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་ཡོད་ཅེས་བརྗོད། འདི་ནི་ཕ་རི་སིར་གནས་པའི་སྤུས་རྟགས་དེའི་ཀོག་ཧྥེ་ཁང་ཞིག་ཏུ་ཀོག་ཧྥེ་བཟོ་རྩལ་ཆེ་མོ་བ་ཞིག་གིས་ཡུན་ནན་ཀོག་ཧྥེ་བཟོ་བཞིན་པ།

    འདི་ནི་སི་ཕེན་གྱི་གྲོང་ཁྱེར་མ་ཏེ་རིའི་སྒོ་རྩིས་ཚོང་ཁང་ཞིག་ཏུ་ས་གནས་དེ་གའི་འཛད་སྤྱོད་པས་ཧོ་པེ་ཞིང་ཆེན་ཤིན་ཅི་གྲོང་ཁྱེར་ནས་ཐོན་པའི་ལི་ཉོ་བཞིན་པ།

    འདི་ནི་2024ལོའི་ཟླ་6པར། ཀེ་རི་སེའི་གྲོང་ཁྱེར་ཨ་ཐེན་སིར་སྤེལ་བའི“ཇ་སྟོན་བཤམས། གནམ་འོག་མཐུན”ཞེས་པའི་བྱེད་སྒོར། ས་གནས་དེ་གའི་དམངས་ཚོགས་ཀྱིས་ཝུའུ་དབྱི་རི་བོ་ནས་ཐོན་པའི་ཀྲུང་གོའི་ཇ་ལོའི་བྲོ་བ་མྱོང་བཞིན་པ།

    ཇའི་བྲོ་བ་མྱོང་བ་ནི་དབྱི་ཐ་ལི་བ་མང་པོ་ཞིག་གི་རྒྱུན་གཏན་གྱི་འཚོ་བའི་གོམས་གཤིས་སུ་གྱུར་ཡོད། དབྱི་ཐ་ལིའི་ཇ་ལས་དང་མེ་ཏོག་དང་ཇ་ལོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་མཱ་ཁོ·པེ་ཐོ་ནཱ་ཀྲུང་གོའི་ཇ་འཐུང་རྒྱུར་ཧ་ཅང་དགའ་པོ་ཡོད་པ་དང་འབྲེལ། ཕུར་ཇ་སོགས་ཀྲུང་གོའི་ཇ་ལོ་གྲགས་ཅན་མང་དག་ཅིག་ཉར་ཚགས་བྱས་ཡོད་པ་རེད། འདི་ནི་མཱ་ཁོ·པེ་ཐོ་ནཱ་ཡིས་ཇ་ལོ་སྦོང་སྟངས་ངོམ་བཞིན་པ།

    ཀྲུང་གོས་ཡོ་རོབ་མནའ་འབྲེལ་དང་ཕན་ཚུན་ཁས་ལེན་བྱེད་སྔ་ཤོས་ཡིན་པའི་ས་ཁམས་མཚོན་རྟགས་ཀྱི་ཐོན་རྫས་གྲས་ཤིག་ཡིན་པའི་ངོས་ནས། ད་བར་འཇར་མན་གྱི་འཛད་སྤྱོད་པས་ལུང་ཁོའུ་ཕིང་ལ་དགའ་པོ་བྱེད་ཀྱི་ཡོད། འདི་ནི་ཤར་ཕྱོགས་སྒོ་རྩིས་ཚོང་ཁང་གི་ལས་མིས་ཟོག་འདྲེན་ལྟེ་གནས་སུ་འབྱོར་བའི་ལུང་ཁོའུ་ཕིང་ཚང་བཤེར་རྒྱག་བཞིན་པ།

    ཤར་ཕྱོགས་སྒོ་རྩིས་ཚོང་ཁང་ནི་འཇར་མན་གྱི་གཞི་ཁྱོན་ཆེ་ཤོས་ཀྱི་ཨེ་ཤེ་ཡའི་མུ་འབྲེལ་སྒོ་རྩིས་ཚོང་ཁང་གི་གྲས་ཤིག་ཡིན་ཞིང་། སྒོ་རྩིས་ཚོང་ཁང་དུ་ཀྲུང་གོའི་ཞིང་ལས་ཐོན་རྫས་མང་དག་ཅིག་འཚོང་གི་ཡོད་པ་དང་དུས་མཚུངས། འཇར་མན་གྱི་བྲིན་ཚོང་པ་དང་བཟའ་བཏུང་ཚོང་གཉེར་ཁེ་ལས་ལ་ཚོང་ཟོག་མཁོ་འདོན་བྱེད་ཀྱི་ཡོད་པ་རེད། འདི་ནི་འཇར་མན་གྱི་པོ་ལན་ཏེང་པོ་ཀྲོའུ་རུ་གནས་པའི་ཤར་ཕྱོགས་སྒོ་རྩིས་ཚོང་ཁང་གི་ཟོག་འདྲེན་ལྟེ་གནས་སུ། ལས་མིས་འབྱོར་མ་ཐག་པའི་ཚོང་ཟོག་རྩིས་ལེན་བཞིན་པ།

    འདི་ནི་2025ལོའི་འཇར་མན་པེར་ལིན་གྱི་རྒྱལ་སྤྱིའི་ཤིང་ཏོག་དང་སྔོ་ཚལ་འགྲེམས་སྟོན་ཐོག ཧྲན་ཏུང་ཞིང་ཆེན་སན་ཧུའེ་བཟའ་བཅའ་ཚད་ཡོད་ཀུང་སིའི་ལས་མིས་ས་གནས་དེ་གའི་ཚོང་པར་ཨན་ཆིའུ་ཡི་ལྒ་ཆེན་ངོ་སྤྲོད་བྱེད་བཞིན་པ།

    འདི་ནི་པེར་ཀྲེམ་གྱི་གྲོང་ཁྱེར་པུ་རུ་སེའི་སྒོ་རྩིས་ཚོང་ཁང་ཞིག་ཏུ། ས་གནས་དེ་གའི་འཛད་སྤྱོད་པས་ཀྲུང་གོ་ནས་ཐོན་པའི་མོག་རོ་དང་ཤ་མོ་སོགས་ཉོ་བཞིན་པ།

    འཇར་མན་གྱི་གྲོང་ཁྱེར་པེར་ལིན་གྱི་སྒོ་རྩིས་ཚོང་ཁང་དུ། སི་ཁྲོན་ཕི་རྫོང་གི་སྲན་བསྙལ་ལྡེ་ཁུ་དང་ཧྲན་ཤིས་ཀྱི་ཚུའུ་སོགས་ཀྲུང་གོའི་བཟའ་བཅའ་ཚོང་སྒྲོམ་སྟེང་བསྒྲིགས་ཡོད་པ་དང་། ཧྥ་རན་སེའི་གྲོང་ཁྱེར་ཕ་རི་སིའི་ཁྲོམ་གཞུང་གི་ཀོག་ཧྥེ་ཁང་དུ་ཡུན་ནན་གྱི་ཀོག་ཧྥེ་ཡི་དྲི་ཞིམ་ལྷང་ལྷང་འཐུལ། ཀྲུང་ཡོའི་དུས་གཏན་མེ་འཁོར་མང་པོ་རི་ཀླུང་བརྒལ་ནས་ཇ་ལོ་དང་། ཤིང་ཏོག འབྲས་སོགས་ཀྲུང་གོའི་སྤུས་ལེགས་ཞིང་ལས་ཐོན་རྫས་ཡོ་རོབ་ཀྱི་རྒྱལ་ཁབ་མང་པོའི་དམངས་ཚོགས་ཀྱི་གསོལ་ལྕོག་སྟེང་བཤམས་ཡོད་པ་རེད།

    ཞིང་ལས་ཐོན་རྫས་ཉོ་ཚོང་ནི་ཀྲུང་གོ་དང་ཡོ་རོབ་ཀྱི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་ནང་དོན་གལ་ཆེན་ཞིག་ཡིན་ཞིང་། 2021ལོའི་ཟླ་3པར། ཀྲུང་ཡོའི་ས་ཁམས་མཚོན་རྟགས་ཀྱི་གྲོས་མཐུན་དངོས་སུ་གོ་ཆོད་དེ་ལག་ལེན་བསྟར་བས། ཀྲུང་གོའི་འབྲེལ་ཡོད་ཐོན་རྫས་ཀྱི་སྐད་གྲགས་ཆོད་ཚད་མཐོ་རུ་གཏོང་བ་དང་རྒྱལ་སྤྱིའི་ཁྲོམ་ར་རྒྱ་སྐྱེད་གཏོང་བར་གོ་སྐབས་གསར་པ་བྱུང་ཡོད། 2024ལོར། ཀྲུང་གོའི་ཞིང་ལས་ཐོན་རྫས་ཡོ་རོབ་མནའ་འབྲེལ་དུ་ཕྱིར་གཏོང་བྱེད་ཚད་ཨ་སྒོར་དུང་ཕྱུར་122.1ཟིན་ཡོད། ཀྲུང་གོའི་ཁྱད་ལྡན་སྤུས་ལེགས་ཀྱི་གྲགས་ཅན་ཐོན་རྫས་དེ་བས་མང་བ་ཡོ་རོབ་ཀྱི་ཁྲོམ་རར་བཏོན་པར་འཛད་སྤྱོད་པའི་ཁས་ལེན་ཐོབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།