དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • འབྲི་ཆུའི་སྟོད་རྒྱུད་ཀྱི་ཡེར་པ་ཐང་ཆུ་ཤུགས་གློག་ཁང་ནས་སྨི་38ལྷག་ཙམ་ཡོད་པའི་ཨར་འདམ་གྱི་མ་དཔེ་བླངས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-05-18

    ཉེ་ཆར། རང་རྒྱལ་གྱིས་འཛུགས་སྐྲུན་བྱེད་བཞིན་པའི་ས་བབ་མཐོ་ཤོས་ཀྱི་འཁྱོག་ཟུང་ཆུ་རགས་ཀྱི་ཆུ་ཤུགས་གློག་ཁང་སྟེ། ཧྭ་གློག་འབྲི་ཆུའི་སྟོད་རྒྱུད་ཀྱི་ཡེར་པ་ཐང་ཆུ་ཤུགས་གློག་ཁང་གི་རགས་ཆེན་ནས་རིང་ཚད་ལ་སྨི་38.10ཡོད་པའི་ཨར་འདམ་གྱི་མ་དཔེ་བདེ་བླག་ངང་བླངས་ཏེ། རྒྱལ་ནང་གི་རགས་དབྱིབས་གཅིག་པའི་རགས་ཆེན་ནས་མ་དཔེ་ལེན་པའི་ཟིན་ཐོ་བཏོད་པ་རེད།

    ཡེར་པ་ཐང་ཆུ་ཤུགས་གློག་ཁང་ནི་སི་ཁྲོན་དཔལ་ཡུལ་རྫོང་དང་བོད་རང་སྐྱོང་ལྗོངས་གོ་འཇོ་རྫོང་འབྲེལ་མཚམས་ཀྱི་འབྲི་ཆུའི་སྟོད་རྒྱུད་ཀྱི་ཆུ་གཞུང་དུ་གནས་ཤིང་། ས་བབ་མཐོ་ཚད་སྨི་3000ཙམ་དང་། སྤྱིའི་གློག་འདོན་ཚད་ཆན་ཝ་ཁྲི་224ཟིན་གྱི་ཡོད་པ། དེ་ནི་རྒྱལ་ཁབ་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་ལས་གྲྭ་གལ་ཆེན་དང་། “ནུབ་གློག་ཤར་འདྲེན”རྒྱུན་མཐུད་རྟེན་གཞི། ལྷོ་ནུབ་ཆུ་གློག་རྟེན་གཞི་འཛུགས་སྐྲུན་གྱི་ལས་གྲྭ་གལ་ཆེན་བཅས་རེད་ལ། འབྲི་ཆུའི་སྟོད་རྒྱུད་ཀྱི་ཁྲོན་བོད་དུམ་བུའི་གློག་འདོན་ཤུགས་ཆེ་ཤོས་ཀྱི་གློག་ཁང་ཞིག་ཀྱང་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་མ་དཔེ་བླངས་པ་ནི་འཛུགས་སྐྲུན་བྱེད་རིང་གི་རགས་ཆེན་ལུགས་རྒྱག་པའི་བརྒྱུད་རིམ་ནང་སྐབས་བསྟུན་གྱིས་མ་དཔེ་བླངས་པ་ཞིག་ཡིན་ཞིང་། མ་དཔེའི་སྤྱིའི་རིང་ཚད་ལ་སྨི་38.10ཡོད་པ་དེ་ཐོག་སོ་12ཀྱི་མཐོ་ཚད་དང་མཚུངས་པ་དང་། ཚངས་ཐིག་ལ་ཧའོ་སྨི་245ཡོད་པ་དེ་ལུགས་རྒྱག་ཚན་པ་13དང་། ངོས་སྙོམས་ཨར་ལས་སྲུབས་ངོས་12དང་། ལུགས་རྒྱག་བང་རིམ་80ལ་ཁྱབ་ཡོད་པ་རེད། ས་གནས་ས་ཐོག་ཏུ་ལྟ་ཞིབ་བྱས་པ་བརྒྱུད། བླངས་པའི་མ་དཔེའི་ཕྱི་ངོས་ཆ་ཚང་ཞིང་འཇམ་ཤ་དོད་པ་དང་། ཚགས་དམ་པ། ཆ་སྙོམས་པ། བང་རིམ་དབར་ཚགས་དམ་པ་བཅས་ཡོད་པ་དེ་ཐོག་ནས་རང་རྒྱལ་གྱི་ས་བབ་མཐོ་ལ་གྲང་ངར་ཆེ་བའི་ས་ཁུལ་དུ་གཞུ་དབྱིབས་ཆུ་རགས་ཨར་འདམ་གྱི་རགས་རྒྱག་པའི་ལག་རྩལ་འཛམ་གླིང་སྔོན་ཐོན་ཆུ་ཚད་དུ་སླེབས་པ་མཚོན་གྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།