དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་ཀྲུང་གོ་ཏེན་མག་ཚོང་ཚོགས་ཀྱི་འགན་འཁུར་བར་འཕྲིན་ལན་སྤྲིངས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-05-17

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་ཏེན་མག་ཚོང་ཚོགས་ཀྱི་འགན་འཁུར་བར་འཕྲིན་ལན་སྤྲིངས་ཏེ། ཀྲུང་གོ་ཏེན་མག་ཚོང་ཚོགས་དང་དེ་བཞིན་ཚོགས་མིའི་ཁེ་ལས་ཀྱིས་ཀྲུང་ཏེན་དང་ཀྲུང་ཡོའི་དབར་གྱི་མཛའ་མཐུན་ཟབ་ཏུ་དང་གཉིས་ཕན་མཉམ་ལས་ཟབ་ཏུ་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུའི་ལྕག་སྐུལ་གནང་བ་རེད།

    ཞི་ཅིན་ཕིང་གིས། འཕྲིན་ཡིག་ལས་ཁྱེད་ཀྱིས་ཀྲུང་གོར་བཅངས་པའི་བརྩེ་བ་ཟབ་མོ་དང་ཀྲུང་གོར་ཡོད་པའི་ཏེན་མག་ཁེ་ལས་ཀྱིས་ཀྲུང་གོའི་འབྱུང་འགྱུར་འཕེལ་རྒྱས་ལ་ཡིད་ཆེས་བྱེད་པ་ཤེས་བྱུང་བས་ང་རང་ཧ་ཅང་དགའ་པོ་བྱུང་། ཀྲུང་གོ་ནི་སྔོན་ཆད་དང་། ད་ལྟ། འབྱུང་འགྱུར་བཅས་ག་དུས་ཡིན་རུང་ཕྱི་རྒྱལ་ཚོང་པའི་ཕུགས་བསམ་དང་། བདེ་འཇགས། བྱེད་གཞི་བཅས་ཡོད་པའི་མ་འཇོག་གི་དམིགས་ས་ཞིག་རེད། ཀྲུང་གོར་ཡིད་ཆེས་བྱེད་པ་ནི་འབྱུང་འགྱུར་ལ་ཡིད་ཆེས་བྱེད་པ་དང་ཀྲུང་གོར་མ་འཇོག་བྱེད་པ་ནི་འབྱུང་འགྱུར་ལ་མ་འཇོག་བྱེད་པ་ཞིག་རེད། ཀྲུང་གོ་ཏེན་མག་ཚོང་ཚོགས་དང་ཚོགས་མིའི་ཁེ་ལས་ཀྱིས་ཀྲུང་ཏེན་དང་ཀྲུང་ཡོའི་དབར་མུ་མཐུད་འབྲེལ་ཟམ་གྱི་ནུས་པ་བཏོན་ཏེ། ཀྲུང་ཏེན་དང་ཀྲུང་ཡོའི་དབར་ཕན་ཚུན་རྒྱུས་ལོན་དང་མཛའ་མཐུན་ཟབ་ཏུ་དང་ཕྱོགས་གཉིས་པོའི་གཉིས་ཕན་མཉམ་ལས་ཟབ་ཏུ་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    ཉིན་ཤས་གོང་། ཀྲུང་གོ་ཏེན་མག་ཚོང་ཚོགས་ཀྱི་འགན་འཁུར་བས་མི་སྒེར་དང་ཚོང་ཚོགས་ཀྱི་མིང་ཐོག་ནས་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ཏེ། ཀྲུང་ཏེན་དབར་ཕྱི་འབྲེལ་བཙུགས་ནས་ལོ་75འཁོར་བར་རྟེན་འབྲེལ་ཞུས་པ་མ་ཟད། ཀྲུང་གོ་དང་མུ་མཐུད་མཉམ་ལས་གཏིང་ཟབ་བྱ་རྒྱུའི་རེ་འདུན་ཡང་མཚོན་པར་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།