དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • དབུས་རྒྱུད་ཞིང་ཆེན་དྲུག་གི་ཞིང་ཆེན་ལྟེ་གནས་གྲོང་ཁྱེར་གྱིས་རྒྱལ་སྤྱིའི་རང་བཞིན་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་ལྟེ་གནས་ཁྱུ་ཚོགས་མཉམ་དུ་བསྐྲུན་རྒྱུ་ཡིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-05-17

    ཉེ་ཆར། ཨན་ཧུའེ་ཧོ་ཧྥེ་དང་། ཅང་ཤིས་ནན་ཁྲང་། ཧུའུ་ནན་ཁྲང་ཧྲ། ཧྲན་ཤིས་ཐའེ་ཡོན། ཧོ་ནན་ཀྲེང་ཀྲོའུ། ཧུའུ་པེ་ཝུའུ་ཧན་བཅས་གྲོང་ཁྱེར་དྲུག་གིས་མཉམ་འབྲེལ་ཐོག《དབུས་རྒྱུད་ཞིང་ཆེན་དྲུག་གི་ཞིང་ཆེན་ལྟེ་གནས་གྲོང་ཁྱེར་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་མཐུན་སྦྱོར་འཕེལ་རྒྱས་མཉམ་ལས་གྲོས་གཞི》ཁྱབ་བསྒྲགས་བྱས་ནས་དབུས་རྒྱུད་ས་ཁུལ་གྱི་རྒྱལ་སྤྱིའི་རང་བཞིན་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་ལྟེ་གནས་ཁྱུ་ཚོགས་མཉམ་དུ་བསྐྲུན་རྒྱུ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཕྱོགས་ཁག་གིས་གྲོས་མོལ་བྱས་པ་བརྒྱུད། གྲོང་ཁྱེར་དྲུག་གིས་ལག་གདང་སྦྲེལ་ནས་ཕན་ནུས་ཆེ་ཞིང་ཤར་བགྲོད་ཐུབ་པའི་དེང་རབས་ཅན་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་མ་ལག་འཛུགས་པ་དང་། གཙང་རྒྱུད་དང་། ཅིང་ཅིའུ། ཧུའུ་ནན་སོགས་མྱུར་བགྲོད་ལྕགས་ལམ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ། དབུས་རྒྱུད་ས་ཁུལ་གྱི“གཞུང་གསུམ་འཕྲེད་བཞིའི”མྱུར་བགྲོད་ལྕགས་ལམ་དྲ་བ་བཀོད་སྒྲིག་བྱས་ཏེ་འབྲི་ཆུའི་གྲུ་ལམ་བཅོས་སྒྲིག་ལ་སྐུལ་འདེད་གཏོང་བ། འབྲི་ཆུའི་འགག་གསུམ་ཆུ་འདྲེན་བགྲོད་ལམ་གསར་པར་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ་སོགས་རྣམ་གྲངས་འཆར་འགོད་འཛུགས་སྐྲུན་བྱ་རྒྱུ་རེད། གྲོང་ཁྱེར་དྲུག་གིས་ད་དུང་འགྲུལ་པ་མཉམ་སྦྲེལ་དང་དངོས་ཟོག་ཐབས་ལམ་མང་པོས་མཉམ་འདྲེན་ལ་སྐུལ་འདེད་གཏོང་བ་དང་། ཕྱོགས་བསྡུས་སྐྱེལ་འདྲེན་ཞབས་ཞུའི“སྤ་སེ་གཅིག་གི་ལམ་ལུགས་དང་། འཛིན་ཡིག་གཅིག་གི་ལམ་ལུགས། སྒམ་གཅིག་གི་ལམ་ལུགས”བཅས་ཀྱི་ཚོད་ལྟ་བྱ་ཡུལ་མཉམ་འབྲེལ་ཐོག་གཏོད་པ། འབྲི་ཆུའི་མཚོ་ཐོག་སྐྱེལ་འདྲེན་ཆ་འཕྲིན་ཐོན་ཁུངས་བསྡུ་སྒྲིལ་ལ་སྐུལ་འདེད་གཏོང་བ། དམའ་དབྱིངས་དཔལ་འབྱོར་རྣམ་པ་བཀོལ་སྤྱོད་རྒྱ་སྐྱེད་གཏོང་བ། ས་ཁོངས་སྒྲོལ་བའི་འགྲིམ་འགྲུལ་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།