དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ནཱ་ཆིང་མྱུར་བགྲོད་གཞུང་ལམ་གྱི་ལིའུ་ཀྲི་ཟམ་ཆེན་གྱི་ཟམ་སྣེ་བདེ་བླག་ངང་མཐུད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-05-17

    ཟླ་5ཚེས་15ཉིན། ཀུའེ་ཀྲོའུ་ལམ་ཟམ་འཛུགས་སྐྲུན་ཚོགས་པས་སྐྲུན་འགན་འཁུར་བའི་ནཱ་ཡུང་ནས་ཆིང་ལུང་བར་གྱི་མྱུར་བགྲོད་གཞུང་ལམ་ལིའུ་ཀྲི་ཟམ་ཆེན་གྱི་ཟམ་སྣེ་བདེ་བླག་ངང་མཐུད་ནས་ནཱ་ཡུང་ནས་ཆིང་ལུང་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ལམ་ཐིག་ཧྲིལ་པོར་རླངས་འཁོར་ཤར་གཏོང་ཐུབ་པར་རྨང་གཞི་བརྟན་པོ་བཏིང་ཡོད། ལིའུ་ཀྲི་ཟམ་ཆེན་ནི་ཀུའེ་ཀྲོའུ་ཞིང་ཆེན་ལིའུ་ཧྥན་ཧྲུའེ་གྲོང་ཁྱེར་ལིའུ་ཀྲི་དམིགས་བསལ་ཁུལ་གྱི་ཀྲུང་ཀྲའེ་ཤང་ས་ཁོངས་སུ་གནས་པ་དང་། དེ་ནི་ནཱ་ཡུང་ནས་ཆིང་ལུང་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་ཞིག་རེད། ཟམ་ཆེན་དེའི་རིང་ཚད་ལ་སྨི་2023.5དང་ཟམ་ངོས་ནས་རོང་མཐིལ་ཆུ་ངོས་བར་གྱི་མཐོ་ཚད་ལ་སྨི་315ཟིན་ཡོད།

    འདི་ནི་ཟམ་སྣེ་བདེ་བླག་ངང་མཐུད་པའི་ནཱ་ཆིང་མྱུར་བགྲོད་གཞུང་ལམ་གྱི་ལིའུ་ཀྲི་ཟམ་ཆེན་ཡིན་པ།

    (ཟླ་5ཚེས་15ཉིན་མི་མེད་གནམ་གྲུས་པར་བརྒྱབ)

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།