ཟླ་བ་དང་པོ་ནས་བཞི་པའི་རིང་རང་རྒྱལ་གྱི་རླངས་འཁོར་ཐོན་སྐྱེད་དང་ཕྱིར་ཚོང་གཉིས་ཀའི་གྲངས་འབོར་ཁྲི་1000ལས་ཐོག་མར་བརྒལ་བ།
ཀྲུང་གོ་རླངས་འཁོར་བཟོ་ལས་མཐུན་ཚོགས་ཀྱིས་ཉེ་ཆར་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པ་ལྟར་ན། ད་ལོའི་ཟླ་བ་དང་པོ་ནས་བཞི་པའི་རིང་། རང་རྒྱལ་གྱི་རླངས་འཁོར་ཐོན་སྐྱེད་དང་ཕྱིར་འཚོང་གཉིས་ཀའི་གྲངས་འབོར་ཁྲི་1000ལས་ཐོག་མར་བརྒལ་ཡོད་པ་རེད།
ནང་མཁོའི་མི་མངོན་པའི་སྟོབས་ཤུགས་མགྱོགས་མྱུར་འདོན་སྤེལ་བྱས་ཤིང་། ཟླ་བ་དང་པོ་ནས་བཞི་པའི་རིང་རང་རྒྱལ་གྱི་རླངས་འཁོར་ཐོན་སྐྱེད་དང་ཕྱིར་འཚོང་གི་གྲངས་འབོར་ཁྲི་1017.5དང་ཁྲི་1006སོ་སོར་ཟིན་ཏེ་དུས་མཚུངས་ལས་12.9%དང་10.8%སོ་སོར་འཕར་ཡོད། དེའི་ནང་རྒྱལ་ནང་དུ་རླངས་འཁོར་ཕྱིར་འཚོང་བྱེད་ཚད་ཁྲི་812.3ཟིན་ནས་དུས་མཚུངས་ལས་12%འཕར་བ་དང་། རླངས་འཁོར་སྤྱིའི་འཚོང་ཚད་ཀྱི་འཕར་ཚད་ལས་བརྒྱ་ཆའི་གྲངས་1.2ཡིས་མཐོ་བ་ཡོད།
ཕྱིར་གཏོང་བརྟན་པོའི་ངང་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་ཅིང་། ཟླ་བ་དང་པོ་ནས་བཞི་པའི་རིང་། རང་རྒྱལ་གྱིས་རླངས་འཁོར་ཁྲི་193.7ཕྱིར་གཏོང་བྱས་པ་དེ་དུས་མཚུངས་ལས་6%འཕར་ཞིང་། དེའི་ནང་ནུས་རྒྱུ་གསར་པའི་རླངས་འཁོར་ཁྲི་64.2ཕྱིར་གཏོང་བྱས་པ་དེ་དུས་མཚུངས་ལས་52.6%འཕར་ཡོད། ཟླ་4པ་ཁོ་ནར་རླངས་འཁོར་ཁྲི་51.7ཕྱིར་གཏོང་བྱས་ནས་ཟླ་བསྡུར་དང་དུས་མཚུངས་གཉིས་ཀའི་གྲངས་འབོར་འཕར་ཡོད།
འགྲུལ་སྐྱེལ་རླངས་འཁོར་ཁྲོམ་རའི་འཕེལ་ཕྱོགས་ལེགས་པོ་རྒྱུན་མཐུད་བྱུང་ཞིང་། ཟླ་བ་དང་པོ་ནས་བཞི་པའི་རིང་། འགྲུལ་སྐྱེལ་རླངས་འཁོར་ཐོན་སྐྱེད་དང་ཕྱིར་འཚོང་གི་གྲངས་འབོར་ཁྲི་876.5དང་ཁྲི་864.1སོ་སོར་ཟིན་པ་དེ་དུས་མཚུངས་ལས་14.5%དང་12.4%སོ་སོར་འཕར་ཞིང་། དེའི་ནང་ཀྲུང་གོའི་སྤུས་རྟགས་འགྲུལ་སྐྱེལ་རླངས་འཁོར་ཁྲི་594ཕྱིར་བཙོངས་ནས་ཕྱིར་འཚོང་བཟུང་ཚད་68.7%ཟིན་པ་དང་། ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆའི་གྲངས་8.1འཕར་ཡོད་པ་རེད།
ནུས་རྒྱུ་གསར་པའི་རླངས་འཁོར་མགྱོགས་མྱུར་འཕར་བའི་རྣམ་པ་རྒྱུན་མཐུད་བྱུང་ཞིང་། ཟླ་བ་དང་པོ་ནས་བཞི་པའི་རིང་། ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་སྐྱེད་དང་ཕྱིར་འཚོང་གི་བསྡོམས་འབོར་ཁྲི་442.9དང་ཁྲི་430ཟིན་པ་དུས་མཚུངས་ལས་48.3%དང་46.2%སོ་སོར་འཕར་བ་དང་། ནུས་རྒྱུ་གསར་པའི་རླངས་འཁོར་གསར་པ་ཕྱིར་འཚོང་ཚད་ཀྱིས་རླངས་འཁོར་གསར་པ་ཕྱིར་འཚོང་བསྡོམས་འབོར་གྱི་42.7%བཟུང་ཡོད་པ་རེད།