དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སློབ་གསོ་པུས་ཕྱོགས་སྟོན་གཉིས་ཡོངས་བསྒྲགས་བྱས་ཏེ།

    སློབ་གྲྭ་འབྲིང་ཆུང་གི་མི་ཐབས་རིག་ནུས་སློབ་གསོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རོགས་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-05-17

    ཉེ་ཆར། སློབ་གསོ་པུའུ་རྨང་གཞིའི་སློབ་གསོ་སློབ་ཁྲིད་མཛུབ་ཁྲིད་ཨུ་ལྷན་གྱིས《སློབ་གྲྭ་འབྲིང་ཆུང་གི་མི་ཐབས་རིག་ནུས་ཀྱི་སྤྱིར་བཏང་སློབ་གསོའི་ཕྱོགས་སྟོན(2025ལོའི་དཔར་གཞི)》དང་། 《སློབ་གྲྭ་འབྲིང་ཆུང་གི་སྐྱེད་གྲུབ་རྣམ་པའི་མི་ཐབས་རིག་ནུས་བེད་སྤྱོད་ཕྱོགས་སྟོན(2025ལོའི་དཔར་གཞི)》ཡོངས་བསྒྲགས་བྱས་ཤིང་། སྟོན་ཕྱོགས་དེ་གཉིས་ནི་མི་ཐབས་རིག་ནུས་ཀྱི་སློབ་མཚམས་ཧྲིལ་པོའི་སློབ་གསོར་ཚན་རིག་དང་མཐུན་པ་དང་ཚད་ལྡན་ངང་སྐུལ་འདེད་བཏང་སྟེ། མི་ཐབས་རིག་ནུས་ཀྱི་བྱང་ཚད་ལྡན་པའི་གསར་གཏོད་ཤེས་ལྡན་པ་གསོ་སྐྱོང་བྱ་གཞག་སྔར་བས་དོན་འཁྱོལ་གྱི་བྱེད་ཐབས་གལ་ཆེན་ཞིག་རེད།

    《སློབ་གྲྭ་འབྲིང་ཆུང་གི་མི་ཐབས་རིག་ནུས་ཀྱི་སྤྱིར་བཏང་སློབ་གསོའི་ཕྱོགས་སྟོན(2025ལོའི་དཔར་གཞི)》ཡི་དམིགས་ཡུལ་ནི། ཚན་རིག་དང་མཐུན་པ་དང་འཐུས་སྒོ་ཚང་བའི་མི་ཐབས་རིག་ནུས་ཀྱི་སྤྱིར་བཏང་སློབ་གསོའི་མ་ལག་ཆ་ཚང་པོ་ཞིག་འཛུགས་པ་དང་། མ་ལག་དེས་བྱང་ཚད་གསོ་སྐྱོང་ལྟེ་བར་བྱས་ནས་དུང་འཁྱིལ་རྣམ་པའི་སློབ་ཚན་བཀོད་སྒྲིག་བརྒྱུད་བསམ་བློ་སྒོ་འབྱེད་ནས་གསར་གཏོད་ལག་ལེན་གྱི་བྱང་ཚད་འཕེལ་རྒྱས་མངོན་འགྱུར་བྱེད་པ་དང་། སློབ་ཆུང་དུས་མཚམས་སུ་དགའ་ཕྱོགས་གསོ་སྐྱོང་དང་རྨང་གཞིའི་ཤེས་བྱ་གཙིགས་སུ་འཛིན་པ། སློབ་འབྲིང་དུས་མཚམས་སུ་ལག་རྩལ་གྱི་རྩ་བའི་རིག་པ་དང་རྨང་གཞིའི་བཀོལ་སྤྱོད་ལ་ཤུགས་སྣོན་རྒྱག་པ། མཐོ་འབྲིང་དུས་མཚམས་སུ་བརྒྱུད་རིམ་ལྡན་པའི་བསམ་གཞིག་དང་གསར་གཏོད་ལག་ལེན་ལ་གཙིགས་ཆེན་བཅས་བྱེད་པ་དང་། “སློབ་ཚན་བསྐྱར་སྒྲིག་དང་། ཐོན་ཁུངས་རྒྱུན་འཁོར། གདེང་འཇོག་གསར་གཏོད། དགེ་རྒན་གྱིས་མཐུན་རྐྱེན་སྦྱོར་བ”བཅས་ཀྱི་མཉམ་འགུལ་ལམ་སྲོལ་བརྒྱུད། མི་ཐབས་རིག་ནུས་སློབ་གསོ་ཕྱོགས་ཙམ་གྱི་ཚོད་ལྟ་ནས་ཁུལ་ཁོངས་ཡོངས་སུ་ཁྱབ་ཐུབ་པར་བྱ་ཆེད་རེད།

    《སློབ་གྲྭ་འབྲིང་ཆུང་གི་སྐྱེད་གྲུབ་རྣམ་པའི་མི་ཐབས་རིག་ནུས་བེད་སྤྱོད་ཕྱོགས་སྟོན(2025ལོའི་དཔར་གཞི)》ཡིས་སློབ་གྲྭ་འབྲིང་ཆུང་གི་སློབ་གསོའི་ཁྲོད་ཀྱི་སྐྱེད་གྲུབ་རྣམ་པའི་མི་ཐབས་རིག་ནུས་ཀྱི་བཀོལ་སྤྱོད་རྣམ་པར་དམ་པོར་དམིགས་ཏེ། སློབ་མཚམས་ཁག་གི་བེད་སྤྱོད་ཚད་གཞི་ཁ་གསལ་བཟོས་ནས་ལག་རྩལ་ལ་བརྟེན་ནས་བདེ་འཇགས་དང་། ལུགས་མཐུན། ནུས་ལྡན་བཅས་ཀྱི་སྒོ་ནས་སློབ་ཁྲིད་ལ་རམ་འདེགས་བྱེད་པ་དང་། སློབ་མའི་རང་སོའི་ཁྱད་ཆོས་ལྡན་པའི་སློབ་སྦྱོང་ལ་སྐུལ་འདེད་གཏོང་བ། སློབ་གསོ་དོ་དམ་རིག་ནུས་ཅན་ལ་སྐུལ་འདེད་གཏོང་བ་བཅས་འགན་ལེན་བྱེད་པ་དང་ཆབས་ཅིག གྲངས་གཞིའི་བདེ་འཇགས་དང་མི་ཆོས་ཀུན་སྤྱོད་ཀྱི་མཐའ་ཚད་བརྟན་པོར་བསྲུངས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།