ཧྥོ་ཧྲན་ཏེ་ཧྲེང་ལུས་རྩལ་ལྟེ་གནས་ལས་མཇུག་འགྲིལ་ནས་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཐེངས་བཅོ་ལྔ་པ་བསུ་བ།
འདི་ནི་ཏེ་ཧྲེང་ལུས་རྩལ་ལྟེ་གནས་ཡིན་པ། (མི་མེད་གནམ་གྲུས་པར་བླངས)
ཉེ་ཆར་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཐེངས་བཅོ་ལྔ་པའི་ཧྥོ་ཧྲན་འགྲན་ཁུལ་གྱི་འགྲན་རའི་གྲས་ཡིན་པའི་ཀོང་ཏུང་ཞིང་ཆེན་ཧྥོ་ཧྲན་གྲོང་ཁྱེར་ཧྲུན་ཏེ་ཆུས་ཏེ་ཧྲེང་ལུས་རྩལ་ལྟེ་གནས་ཕྱོགས་ཡོངས་ནས་ལས་མཇུག་འགྲིལ་བ་རེད། ལྟེ་གནས་འདིར་ཕྱོགས་བསྡུས་ལུས་རྩལ་ཁང་དང་། ཆུ་རྐྱལ་ཁང་། ཕྱོགས་བསྡུས་ལུས་རྩལ་ཐང་། འབྲེལ་ཡོད་ལེ་ལག་སྒྲིག་བཀོད་བཅས་ཡོད་པ་དང་། སྔོན་དཔག་བྱས་ན་ཟླ་6པའི་ཟླ་དཀྱིལ་དུ་ཕྱོགས་ཡོངས་ནས་རྩིས་སྤྲད་དེ་སྤྱོད་འགོ་འཛུགས་རྒྱུ་ཡིན་པ་རེད།