“མི་དམངས་ཉིན་རེའི་ཚགས་པར་སློབ་གྲྭར་ཁྱབ་གདལ”གྱི་བྱེད་སྒོ་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་སྤེལ་བ།
ཉེ་ཆར“མི་དམངས་ཉིན་རེའི་ཚགས་པར་སློབ་གྲྭར་ཁྱབ་གདལ”གྱི་བྱེད་སྒོ་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་སྤེལ་བ་རེད། གཞོན་ནུ་རྩོམ་སྒྲིག་པ་དང་གསར་འགོད་པ་4ཡིས་རང་རང་སོ་སོས་ཏང་གི་ཚགས་པར་གྱི་བཅར་འདྲི་རྩོམ་སྒྲིག་དང་། དཔྱད་གཏམ་འབྲི་བ། སྨྱན་སྦྱོར་གསར་པ་སོགས་ཀྱི་ལས་ཀར་ཞུགས་པའི་བརྒྱུད་རིམ་དང་མྱོང་ཚོར་མཉམ་སྤྱོད་བྱས་ཤིང་། མི་དམངས་ཉིན་རེའི་ཚགས་པར་གྱི་འབྲེལ་ཡོད་སྡེ་ཚན་གྱི་བློ་མཐུན་གྱིས་ཡུལ་དངོས་སུ་ཡོད་པའི་དགེ་སློབ་དབར་ཚགས་པར་ལས་ཁུངས་ཀྱིས་བརྒྱུད་རིམ་རང་བཞིན་གྱི་འཕོ་འགྱུར་དང་། ཤེས་ལྡན་པ་བསྡུ་བ་དང་གསོ་སྦྱོང་སོགས་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་ཚུལ་སྐོར་སྤེལ་རེས་བྱས་པ་རེད།
བྱེད་སྒོ་སྤེལ་ཡུལ་དུ། མི་དམངས་ཉིན་རེའི་ཚགས་པར་རིག་གནས་སྨྱན་སྦྱོར་ཚད་ཡོད་ཀུང་སི་དང་ཀྲུང་དབྱང་མི་རིགས་སློབ་ཆེན་གསར་འགྱུར་དང་བརྒྱུད་སྤེལ་རིག་པ་སློབ་གླིང་དབར་སློབ་གྲྭ་དང་ཁེ་ལས་དབར་གྱི་མཉམ་ལས་དངོས་སྦྱོང་གི་སྦྱོང་བརྡར་རྟེན་གཞི་མཉམ་སྐྲུན་གྱི་གྲོས་མཐུན་ལ་མིང་རྟགས་བཀོད་ཁར། མི་དམངས་ཉིན་རེའི་ཚགས་པར་གློག་རྡུལ་ཚགས་པར་གྱི་ལྟ་སྒྲོམ་འཛུགས་པའི་མཛད་སྒོ་འཚོགས་ཤིང་། རིག་ནུས་བརྙན་ཤེལ་ཆེན་པོ་10སློབ་གྲྭ་དེ་གའི་ཧྥེང་ཐའེ་སློབ་ཁུལ་དུ་འཛུགས་རྒྱུ་ཡིན་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། “མི་དམངས་ཉིན་རེའི་ཚགས་པར་སློབ་གྲྭར་ཁྱབ་གདལ”གྱི་བྱེད་སྒོ་2009ལོ་ནས་འགོ་བརྩམས་ཚུན། གསར་འགྱུར་ལས་དོན་པ་སྔ་རྗེས་སུ་སྒྲིག་འཛུགས་བྱས་ནས་མཐོ་སློབ་མང་པོར་བསྐྱོད་དེ། ངོ་ཐུག་གདོང་འཕྲད་ཀྱི་མཉམ་འགུལ་བརྒྱུད་གཞོན་ནུ་སློབ་གྲྭ་ཆེ་མོ་བ་དེ་བས་མང་བས་ཏང་ཀྲུང་དབྱང་ལས་ཁུངས་ཀྱི་ཚགས་པར་ལ་རྒྱུས་ལོན་དང་དོ་ཁུར་ཡོང་བར་བྱས་ཏེ། མི་དམངས་ཉིན་རེའི་ཚགས་པར་གྱི་ས་ཁོངས་དང་། ཀློག་པ་པོ། ནང་དོན་བཅས་ཀྱི་ཁེབས་རྒྱ་ཆེ་རུ་ཕྱིན་ནས་སྤུས་ཚད་མཐོར་གཏོང་དང་། རྩོམ་སྲོལ་ལེགས་གཏོང་། ཀློག་པ་པོར་ཉེ་བཅར། མི་རྣམས་ཀྱི་ཡིད་དབང་འཕྲོག་པ་བཅས་ཐུབ་ནས་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད།