ཀྲུང་གོ(ཀོང་རའོ)རྒྱལ་སྤྱིའི་འགྱིག་འཁོར་དང་རླངས་འཁོར་གྱི་ལྷུ་ལག་འགྲེམས་ཚོགས་སྐབས་བཅོ་ལྔ་པ་འགོ་ཚུགས་པ།
ཟླ་5ཚེས་15ཉིན། ཀྲུང་གོ(ཀོང་རའོ)རྒྱལ་སྤྱིའི་འགྱིག་འཁོར་དང་རླངས་འཁོར་གྱི་ལྷུ་ལག་འགྲེམས་ཚོགས་སྐབས་བཅོ་ལྔ་པ་ཧྲན་ཏུང་ཞིང་ཆེན་ཏུང་ཡིང་གྲོང་ཁྱེར་ཀོང་རའོ་རྒྱལ་སྤྱིའི་འགྲེམས་སྟོན་ལྟེ་གནས་སུ་འགོ་ཚུགས་པ་རེད། སྐབས་འདིའི་འགྲེམས་ཚོགས་ཐོག་འགྱིག་འཁོར་ཐོན་ལས་ཀྱི་ལག་རྩལ་གསར་ཤོས་དང་ཐོན་ལས་གསར་པ་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་ཤིང་། འགྲེམས་སྟོན་གྱི་རྒྱ་ཁྱོན་ལ་སྨི་ངོས་གྲུ་ཁྲི་5.5ཡོད་པ་དང་། འགྲེམས་ཞུགས་ཚོང་པ་800ལྷག་ཙམ་ཡོད་པ། རྒྱལ་ཁབ་དང་ས་ཁུལ་གྱི་ཆེད་ལས་ཉོ་སྒྲུབ་ཚོང་པ་70ལྷག་ཙམ་ཞུགས་ཡོད། འདི་ནི་དེ་ཉིན་ཀྲུང་གོ(ཀོང་རའོ)རྒྱལ་སྤྱིའི་འགྱིག་འཁོར་དང་རླངས་འཁོར་གྱི་ལྷུ་ལག་འགྲེམས་ཚོགས་སྐབས་བཅོ་ལྔ་པའི་ཐོག་ཕྱི་རྒྱལ་གྱི་ལྟ་སྐོར་བས(གཡོན)འགྱིག་འཁོར་གྱི་ཐོན་རྫས་ལ་ལྟ་བཞིན་པ།