ཀྲེ་ཅང་ཝུན་ལིང་དུ་ཇ་ལོར་བརྟེན་ནས་ཀྲུང་ཕྱི་སྤེལ་རེས་ཀྱི་རིག་གནས་སྦྲེལ་ཟམ་བསྐྲུན་པ།
ཟླ་5ཚེས་14ཉིན། ཀྲེ་ཅང་ཞིང་ཆེན་ཝུན་ལིང་གྲོང་ཁྱེར་ཏ་ཞི་གྲོང་རྡལ་གྱིས“ཇ་ལོའི་དྲི་ཞིམ་ཀུན་ལ་ཁྱབ། འཛམ་བུ་གླིང་དང་གླེང་མོལ་བྱེད”ཅེས་པའི་རྒྱལ་སྤྱིའི་མི་ཆོས་རིག་གནས་སྤེལ་རེས་བྱེད་སྒོ་སྤེལ་ཞིང་། ཨར་མེ་ཉི་ཡ་དང་ཨེ་ཅིབ་སོགས་རྒྱལ་ཁབ་ནས་ཡོང་བའི་རྒྱལ་སྤྱིའི་གྲོགས་པོ་ཚོས་ཇ་ལོ་འཐུ་བ་དང་། ཇའི་ལས་རིགས་ཀྱི་གཏམ་རྒྱུད་ཉན་པ། སྲོལ་རྒྱུན་དང་དེང་རབས་ཀྱི་ཇ་འཐུང་སྟངས་མྱོང་རོལ་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད། ཇ་ལོ་སྦྲེལ་ཟམ་དུ་བྱས་ཏེ་ཀྲུང་ཕྱི་སྤེལ་རེས་ཀྱི་རིག་གནས་སྦྲེལ་ཟམ་ཞིག་བསྐྲུན་ཡོད། འདི་ནི་རྒྱལ་སྤྱིའི་གྲོགས་པོ་ཚོས་ཇ་འཐུ་སྟངས་ཉམས་ལེན་བྱེད་བཞིན་པ།