ཀྲུང་གོ་དང་མོང་གོལ་རྒྱལ་ཁབ་ཀྱི་རྒྱལ་སྒྲོལ་ལྕགས་ལམ་གཉིས་པ་སྐྲུན་འགོ་ཚུགས་པ།
ཟླ་5ཚེས་14ཉིན། ཀྲུང་མོང་རྒྱལ་ཁབ་གཉིས་པོའི་ནུས་རྒྱུ་མཉམ་ལས་ཀྱི་བགྲོད་ལམ་གལ་ཆེན་ཏེ་ཀྲུང་གོ་དང་མོང་གོལ་རྒྱལ་ཁབ་ཀྱི་ཀན་ཆི་མའོ་ཏུའུ་ནས་ཀ་ཧྲུན་སུའུ་ཧའེ་ཐུའུ་བར་གྱི་ལྕགས་ལམ་སྐྲུན་འགོ་ཚུགས་པའི་མཛད་སྒོ་ནང་སོག་རང་སྐྱོང་ལྗོངས་པ་ཡན་ནོར་གྲོང་ཁྱེར་ཝུའུ་ལ་ཐེ་ཀྲུང་ཆི་ཀན་ཆི་མའོ་ཏུའུ་འགག་སྒོར་གཉེར་ཞིང་། དེ་ནི་1956ལོར་ཨར་ལེན་ཧའོ་ཐེ་ནས་ཀྲ་མོན་ཝུའུ་ཏེ་བར་གྱི་ལྕགས་ལམ་བསྐྲུན་ནས་མེ་འཁོར་ཤར་གཏོང་ཐུབ་རྗེས་དུས་ཡུན་ལོ་70ལྷག་ཙམ་སོང་ཚུན་བསྐྲུན་པའི་ཀྲུང་གོ་དང་མོང་གོལ་རྒྱལ་ཁབ་ཀྱི་རྒྱལ་སྒྲོལ་ལྕགས་ལམ་གཉིས་པ་དེ་རེད།
རྒྱལ་སྒྲོལ་ལྕགས་ལམ་དེ་ཀན་ཆི་མའོ་ཏུའུ་འགག་སྒོ་ནས་རྒྱལ་མཚམས་བསྒྲལ་ཏེ་མོང་གོལ་རྒྱལ་ཁབ་ཀྱི་ཀ་ཧྲུན་སུའུ་ཧའེ་ཐུའུ་འགག་སྒོ་བརྒྱུད་མོང་གོལ་རྒྱལ་ཁབ་ཀྱི་ནན་ཀོ་པི་ཞིང་ཆེན་ཀ་ཧྲུན་སུའུ་ཧའེ་ཐུའུ་བབས་ཚུགས་སུ་འབྱོར་གྱི་ཡོད། འཆར་གཞི་ལྟར་ན་ཀྲུང་གོའི་མངའ་ཁོངས་ཀྱི་ལམ་དུམ་2027ལོར་བསྐྲུན་ཚར་རྒྱུ་རེད།