ཀྲུང་གོ་ནས་ཝེ་ཐེ་ནམ་གྱི་ཧ་ནོ་དབྱི་བར་གྱི་རྒྱལ་སྤྱིའི་འགྲོ་ལམ་སྐྱེལ་འདྲེན་ལམ་ཐིག་དངོས་སུ་ཤར་གཏོང་ཐུབ་པ།
ཟླ་5ཚེས་14ཉིན་གྱི་སྔ་དྲོར། གློག་རྡུལ་ལྷུ་ལག་དང་། སྔོ་ཚལ་སོས་པ། བརྒྱ་ཟོག་བཅས་བྱུར་བུར་བླུགས་པའི་སྐྱེལ་འདྲེན་རླངས་འཁོར་རུ་ཁག་ཀོང་ཤིས་ནན་ནིང་དང་ཡུན་ནན་ཁུན་མིང་ནས་དུས་གཅིག་ཏུ་རྡོག་ཐོན་གྱིས་ཝེ་ཐེ་ནམ་གྱི་ཧ་ནོ་དབྱི་རུ་བསྐྱོད་པ་དེ་ཐོག་ནས་ཀྲུང་གོ་ཕྱོགས་ཀྱི་ཟོག་འདྲེན་རླངས་འཁོར་གྱིས་CBTA(མེ་ཀུང་གཙང་པོ་ཆེན་པོའི་ས་ཁོངས་ཕལ་པའི་དངོས་ཟོག་དང་མི་སྣ་རྒྱལ་སྒྲོལ་སྐྱེལ་འདྲེན་བྱེད་པར་སྟབས་བདེ་བསྐྲུན་པའི་སྐོར་གྱི་གྲོས་ཆོད)ལག་ཁྱེར་འཁྱེར་ནས་ཝེ་ཐེ་ནམ་གྱི་མཐིལ་དུ་ཐོག་མར་བསྐྱོད་པ་དང་། ཀྲུང་གོས་ཧོ་ཁོའུ་འགག་སྒོ་དང་མཛའ་གྲོགས་འགག་སྒོ་བརྒྱུད་ཝེ་ཐེ་ནམ་གྱི་ཧ་ནོ་དབྱིར་སྐྱོད་པའི་སྐྱེལ་འདྲེན་ལམ་ཐིག་གཉིས་དངོས་སུ་ཤར་གཏོང་ཐུབ་སྟེ་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་རྒྱལ་སྤྱིའི་འགྲོ་ལམ་སྐྱེལ་འདྲེན་སྟབས་བདེ་ཅན་གྱི་ཆུ་ཚད་སྔར་བས་མཐོ་རུ་ཕྱིན་པ་མཚོན་ཡོད།