འབྲི་ཆུའི་སྟོད་རྒྱུད་ཀྱི་འབའ་ཐང་ཆུ་ཤུགས་གློག་ཁང་གི་འཕྲུལ་ཚན་དང་པོ་དྲ་སྦྲེལ་ཐུབ་ནས་གློག་བཏང་བ།
ཟླ་5ཚེས་15ཉིན། རྒྱལ་ཁབ་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཁྲོད་ཀྱི་གཙོ་ཆེའི་ལས་གྲྭ་ཧྭ་གློག་འབའ་ཐང་ཆུ་ཤུགས་གློག་ཁང་གི་འཕྲུལ་ཚན་དང་པོ་དངོས་སུ་དྲ་སྦྲེལ་ཐུབ་ནས་གློག་བཏང་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། འབའ་ཐང་ཆུ་ཤུགས་གློག་ཁང་ནི་བོད་ལྗོངས་སྨར་ཁམས་རྫོང་དང་སི་ཁྲོན་འབའ་ཐང་རྫོང་འདྲེས་མཚམས་ཀྱི་འབྲི་ཆུའི་ཆུ་གཞུང་དུ་ཡོད་ལ། སྤྱིའི་གློག་གཏོང་ཚད་ཆན་ཝ་ཁྲི་75ཟིན་ཞིང་། འཕྲུལ་ཚན་ལྷག་མ་གཉིས་པོ་འདི་ལོའི་ཟླ་བདུན་པ་དང་དགུ་པར་སྤྱོད་འགོ་ཚུགས་ནས་གློག་གཏོང་རྩིས་ཡོད་པ་རེད། འདི་ནི་འབའ་ཐང་ཆུ་ཤུགས་གློག་ཁང་ཡིན་པ།