བོད་ལྗོངས་ནག་ཆུ་གྲོང་ཁྱེར་དུ་ཡོམ་འགོག་རྒུད་སྐྱོབ་ཀྱི་སྙིང་སྟོབས་སྐོར་སྐྱོད་དཔེ་སྟོན་སྒྲོག་འགྲེལ་བྱེད་པའི་སྙན་ཞུའི་ཚོགས་འདུ་འཚོཌ་པ།
ཉེ་ཆར། བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲཌ་པུའུ་ཡི་སྣེ་ཁྲིད་སྒྲིག་འཛུགས་འོག སྐོར་སྐྱོད་སྒྲོག་འགྲེལ་བྱེད་སྒོ་ཁག་གསུམ་པ་སྟེ། བོད་ལྗོངས་ནག་ཆུ་གྲོང་ཁྱེར་དུ་ཡོམ་འགོག་རྒུད་སྐྱོབ་ཀྱི་སྙིང་སྟོབས་སྐོར་སྐྱོད་དཔེ་སྟོན་སྒྲོག་འགྲེལ་བྱེད་པའི་སྙན་ཞུའི་ཚོགས་འདུ་འཚོགས་པ་རེད།
བྱེད་སྒོ་སྤེལ་ཡུལ་དུ། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མི་སྒེར་དང་བོད་རང་སྐྱོང་ལྗོངས་ཀྱི“གཞི་རིམ་གྱི་སྒྲོག་འགྲེལ་པ་རྩེ་གྲ་བཅུ”ཡི་གྲས་ཡིན་པའི་ཉི་མ་ཚེ་རིང་སོགས་བོད་ལྗོངས་གཞིས་རྩེའི་དིང་རིའི་ས་ཡོམ་རིམ་པ་6.8ཀྱི་ཡོམ་འགོག་རྒུད་སྐྱོབ་ནང་དངོས་སུ་ཞུགས་མྱོང་བའི་གཞི་རིམ་གྱི་ཕུལ་བྱུང་སྒྲོག་འགྲེལ་པ་དང་། ལས་རིགས་ཁག་གི་ལས་དོན་མི་སྣ། གྲོང་སྡོད་དང་དགོན་སྡོད་ལས་བྱེད་པ་བཅས་མི་4ཡིས《ཚེ་སྲོག་གོང་དུ་བཀུར། ཡོམ་འགོག་རྒུད་སྐྱོབ་ཁྲོད་ཀྱི་ཀྲུང་གོའི་སྟོབས་ཤུགས》དང《ཕན་ཚུན་ལྟ་སྐྱོང་བྱེད། མི་རིགས་མཐུན་སྒྲིལ་གྱི་སྲོག་རྩ》ཞེས་པ་འགོ་བརྗོད་དུ་འཁོད་པའི་གཏམ་བཤད་བྱས་ཏེ་ཡོམ་འགོག་རྒུད་སྐྱོབ་ཀྱི་མི་སེམས་འགུལ་བའི་གཏམ་རྒྱུད་མཉམ་སྤྱོད་བྱས་ནས། མི་དམངས་གོང་དུ་བཀུར་བའི་འདུ་ཤེས་དང་མི་རིགས་ཁག་གི་མང་ཚོགས་ཕན་ཚུན་རོགས་རེས་ཀྱི་བརྩེ་སེམས་ཟབ་མོ་མངོན་པར་བྱས་ཡོད། གནོད་འཚེ་ཕོག་པའི་མང་ཚོགས(གཞི་རིམ་གྱི་སྒྲོག་འགྲེལ་པ)ཟླ་བ་ཚེ་རིང་གིས《ཏང་གི་བཀའ་དྲིན། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་བསྐྱར་སྐྲུན་གྱི་མང་ཚོཌ་ཀྱི་སྟོབས་ཤུགས》ཞེས་པའི་སྒྲོག་འགྲེལ་བྱས་ནས་མེས་རྒྱལ་ཁྱིམ་ཚང་ཆེན་མོར་བཅངས་པའི་དྲིན་ཚོར་བརྗོད་པ་རེད།
བོད་རང་སྐྱོང་ལྗོངས་ཏང་ཨུད་སྒྲོག་འགྲེལ་ཚོགས་པའི་ཚོགས་གཙོ་གཞོན་པ་རྒོད་སྐྱེས་ཀྱིས་ཡོམ་འགོག་གེགས་སེལ་གྱི་སྙིང་སྟོབས་སྐོར་སྐྱོད་སྒྲོག་འགྲེལ་གྱི་གཞིས་རྩེའི་བྱེད་སྒོ་ཕུན་སུམ་ཚོགས་པོའི་ངང་མཇུག་བསྒྲིལ་ནས་ད་ཆ་ས་ཁུལ(གྲོང་ཁྱེར)དྲུག་ལ་གཙོ་གནད་ཐོག་སྒྲོག་འགྲེལ་བྱེད་བཞིན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།