བོད་ལྗོངས་ཀྱིས་སློབ་གྲྭའི་མཛེས་དཔྱོད་སློབ་གསོའི་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་བ།
ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ཀྱིས“སློབ་གསོ་ལྔ་མཉམ་སྤེལ”མཐའ་འཁྱོངས་ཀྱིས་མཛེས་དཔྱོད་སློབ་གསོའི་ལས་དོན་དེ་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭས་ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་གི་རྩ་བའི་ལས་འགན་དོན་འཁྱོལ་བྱེད་པའི་བརྒྱུད་རིམ་ཧྲིལ་པོའི་ནང་བཅུག་སྟེ། མཛེས་དཔྱོད་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་པ་དང་། མཛེས་དཔྱོད་ལ་བརྟེན་ནས་མིའི་ཀུན་སྤྱོད་ལེགས་སུ་གཏོང་བ། མཛེས་དཔྱོད་ལ་བརྟེན་ནས་མིའི་བསམ་པའི་རིག་གནས་ཕུན་སུམ་ཚོགས་སུ་གཏོང་བ་བཅས་བྱས་པས། བོད་ཀྱི་སློབ་གྲྭ་ཁག་གི་མཛེས་དཔྱོད་སློབ་གསོའི་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཡོད།
ཤེས་རྟོགས་བྱུང་བར་གཞིཌ་ན། བོད་ལྗོངས་ཀྱིས《དུས་རབས་གསར་པའི་སློབ་གྲྭའི་མཛེས་དཔྱོད་སློབ་གསོའི་ལས་དོན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》བཏོན་ནས་སློབ་ཆུང་དང་། དམའ་འབྲིང་། མཐོ་འབྲིང་། དེ་བཞིན་འབྲིང་རིམ་ལས་རིགས་སློབ་གྲྭ་བཅས་ཀྱི་མཛེས་དཔྱོད་སློབ་གསོའི་ཚོགས་ཐུན་གྱི་ཚད་གཞི་གཏན་འཁེལ་ཁ་གསལ་བཟོས་ཏེ། མཛེས་དཔྱོད་སློབ་གསོའི་སློབ་ཚན་ཡག་པོ་འཚོག་ཐུབ་པའི་འགན་ལེན་བྱས་པ་དང་། བོད་རང་སྐྱོང་ལྗོངས་ཀྱི“དྲ་སྦྲེལ་+”ཀྱི་མཛེས་རྩལ་སློབ་དཔྱོད་ལས་དོན་ཁང་བཙུགས་ནས་བྱང་ཚད་མཐོ་བའི་སློབ་དཔྱོད་ཚོགས་པ་བཏོད་པ་མ་ཟད། “བོད་ལྗོངས་སློབ་གསོ་ཇོ་རིའི་ཆུ་འཛིན”སོགས་ལས་སྟེགས་བརྒྱུད་སློབ་མར་མཛེས་དཔྱོད་སློབ་གསོའི་ཐོན་ཁུངས་སྤུས་ལེགས་མཁོ་འདོན་བྱས་ཏེ། སློབ་མ་ཚོས་སྒྱུ་རྩལ་རྩལ་ནུས་1ནས་2བར་ཁོང་དུ་ཆུད་ཐུབ་པའི་རོགས་རམ་བྱས་པ་རེད།
དགེ་རྒན་གྱི་སྟོབས་ཤུགས་དང་ཤེས་ལྡན་པ་གསོ་སྐྱོང་ཐད། བོད་ཀྱི་གཅིག་གྱུར་ཡོངས་བསྒྲགས་ཀྱིས་ལས་མི་བསྡུ་བ་དང་ཁ་ཕྱོགས་གཏན་འཁེལ་གྱི་གསོ་སྐྱོང་སོགས་ཀྱི་ཐབས་ལམ་བརྒྱུད་དགེ་རྒན་ཁ་ཐང་བའི་རིགས་ཁ་གསབ་བྱས་ཤིང་། 2023ལོ་ཚུན་དུ་སློབ་གྲྭ་འབྲིང་ཆུང་ཁག་ལ་མཛེས་དཔྱོད་སློབ་གསོའི་དགེ་རྒན་170ཁ་གསབ་བྱས་པ་རེད། 2022ལོར“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་ཁག་ཐེངས་གསར་པ་སྤེལ་རྗེས། ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་17གྱིས་རོལ་དབྱངས་དགེ་རྒན་12དང་མཛེས་རྩལ་དགེ་རྒན་14བདམས་ནས་སློབ་གྲྭ་ཁག་21ལ་རོགས་སྐྱོར་བྱས་པ་རེད།