དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • ཆེད་དམིགས་ལས་བསྡུའི་འདུ་ཚོགས་གཉེར་ནས་ལས་ཞུགས་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-05-17

    མཐོ་སློབ་སློབ་ཐོན་སློབ་མ་སོགས་གཙོ་གནད་ཚོགས་སྤྱི་སྤུས་ཚད་མཐོ་པོས་ལས་ཀར་ཞུགས་པར་སྐུལ་འདེད་གཏོང་ཆེད། ཉེ་ཆར། རང་སྐྱོང་ལྗོངས་མི་སྤྱི་ཐིང་གིས་སྤྱི་ཁྱབ་བཟོ་ཚོགས་དང་། དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཐིང་། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། བུད་མེད་མཉམ་འབྲེལ་ལྷན་ཚོགས་བཅས་དང་མཉམ་འབྲེལ་བྱས་ནས། རང་སྐྱོང་ལྗོངས་ལས་ཞུགས་ཞབས་ཞུའི་ལྟེ་གནས་ཀྱི་ཤེས་ལྡན་པའི་ཐང་ཆེན་དུ་2025ལོའི“དམངས་གཉེར་ཁེ་ལས་ཀྱི་ཞབས་ཞུའི་ཟླ་བའི”ཆེད་དམིགས་ལས་བསྡུའི་འདུ་ཚོགས་ཆེ་གྲས་གཉེར་ཞིང་། ད་ཐེངས་ཀྱི་ལས་བསྡུའི་འདུ་ཚོགས་སུ་ཁེ་ལས་191ཞུགས་པའི་ཡིད་དབང་བཀུག་པ་དང་ལས་ཞུགས་ལས་གནས་2343མཁོ་འདོན་བྱས་ཡོད། འདི་ནི་2025ལོའི“དམངས་གཉེར་ཁེ་ལས་ཀྱི་ཞབས་ཞུའི་ཟླ་བའི”ཆེད་དམིགས་ལས་བསྡུའི་འདུ་ཚོགས་ཆེ་གྲས་འཚོག་ཡུལ་དུ་ལས་ཀ་འཚོལ་མཁན་གྱིས་ལས་བསྡུའི་རེ་འདུན་འབུལ་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།