བོད་ལྗོངས་གསར་སྤེལ་མ་འཇོག་མངའ་རིས་སྒེར་རྩེའི་འོད་ཤུགས་རྣམ་གྲངས་ལ་རྒྱལ་སྤྱིའི་ནུས་གསོག་གསར་གཏོད་འགྲན་བསྡུར་ཆེན་པོའི་བྱ་དགའ་རག་པ།
ཉེ་ཆར། བོད་ལྗོངས་གསར་སྤེལ་མ་འཇོག་མངའ་རིས་སྒེར་རྩེའི་30MWའོད་ཤུགས(ནུས་གསོག་སྒྲིག་འགོད)རྣམ་གྲངས་ལ་རྒྱལ་སྤྱིའི་ནུས་གསོག་གསར་གཏོད་འགྲན་བསྡུར་ཆེན་པོ་སྐབས་དགུ་པའི“ཉེར་སྤྱོད་གསར་གཏོད་ཚོགས་ཆུང་གི་ནུས་གསོག་ཆེན་པོའི་འགྲན་བསྡུར་གྱི་ཕུལ་བྱུང་རྣམ་གྲངས”ཀྱི་བྱ་དགའ་རག་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་དེ་ནི་བོད་ལྗོངས་མངའ་རིས་ས་ཁུལ་གྱི་འགན་ལེན་རང་བཞིན་གྱི་གློག་མཁོ་འདོན་རྣམ་གྲངས་ཤིག་ཡིན་པ་དང་། དེ་ཉིད་སྨི་4600ཡི་ས་བབ་མཐོ་ཁུལ་དུ་གནས་པ་དང་། དེ་ནི་གོ་ལ་ཧྲིལ་པོའི་ས་བབ་ཧ་ཅང་མཐོ་བ་དང་། དྲོད་ཚད་དམའ་བ། གློག་དྲ་ཉམས་ཞན་བཅས་ཀྱི་རྒྱབ་ལྗོངས་འོག་རིག་ནུས་ཕྲེང་སྦྲེལ་དྲ་བའི་དབྱིབས་ཀྱི་ནུས་གསོག་གློག་ཁང་ཞིག་རེད།
གཞན་ཡང་། རྣམ་གྲངས་དེས་ནུས་རྒྱུ་གསར་པའི་ལག་རྩལ་ལ་ས་མཐོའི་ཁུལ་དུ་ཚད་བརྒལ་ཆེན་པོ་བྱུང་བ་མཚོན་པ་དང་། ས་གནས་དེ་ག་དང་ཉེ་འཁོར་ས་ཁུལ་དུ་བརྟན་ལ་བློས་འགེལ་ཆོག་པའི་ནུས་རྒྱུ་གཙང་མ་མཁོ་འདོན་ཐུབ་པ་དང་། འགྱུར་བྱུང་ཐོན་ཁུངས་ཟད་གྲོན་དང་གནོད་ཡོད་རླངས་གཟུགས་ཀྱིས་ཁོར་ཡུག་ལ་སྦགས་བཙོག་བཟོ་ཉུང་དུ་འགྲོ་བ། ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ནུས་ལྡན་ཐུབ་པ་བཅས་བྱུང་ནས་གྲོང་མིའི་འཚོ་བའི་ཆ་རྐྱེན་ལེགས་སུ་ཕྱིན་པ་མཚོན་གྱི་ཡོད།