དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • “ཀྲུང་གོའི་ཇ་བཟང་། བོད་ཀྱི་ཆུ་བཟང”ཞེས་པའི་གྲངས་འཛིན་འཛད་སྤྱོད་དུས་ཆེན་སྐབས་དང་པོའི་ཆེད་དོན་བྱེད་སྒོ་སྤེལ་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-05-17

    ཉེ་ཆར་ཁྲེང་ཏུའུ་རུ་འཚོགས་པའི་སི་ཁྲོན་རྒྱལ་སྤྱིའི་ཇ་ལོའི་དངོས་མང་སྟོན་ཚོགས་སྐབས་14པར“ཀྲུང་གོའི་ཇ་བཟང་། བོད་ཀྱི་ཆུ་བཟང”ཞེས་པའི་གྲངས་འཛིན་འཛད་སྤྱོད་དུས་ཆེན་སྐབས་དང་པོའི་ཆེད་དོན་བྱེད་སྒོ་དངོས་སུ་འགོ་ཚུགས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཇ་ལོའི་དངོས་མང་སྟོན་ཚོགས་ཀྱི་ཉིན་དང་པོར་བོད་ཀྱི་ཆུ་བཟང་ཐད་ས་གནས་ས་ཐོག་ཏུ་སྒོར་ཁྲི་2000ཟིན་པའི་མངགས་ཐོའི་གན་རྒྱ་བཞག་པ་ལས། ཁྲོམ་རར་བོད་ཀྱི་ཆུ་སྤུས་བཟང་པོར་ཁས་ལེན་བྱེད་པ་མཚོན་གྱི་ཡོད། འབྲེལ་ཡོད་འགན་འཁུར་བས་འཛད་སྤྱོད་དུས་ཆེན་ཧྲིལ་པོ་ཉིན་365གཉེར་རྒྱུ་ཡིན་པས་དེ་གོ་སྐབས་སུ་བཟུང་ནས་ནུས་ཤུགས་ཡོད་རྒུས་སྒོར་དུང་ཕྱུར་10ཡི་ཕྱིར་ཚོང་གི་ཡོང་འབབ་ཆེན་པོ་རག་པ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།