དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཀྱི་སློབ་གྲྭ་ཆེ་མོ་བ་20ལྷག་ཙམ་ཝུའུ་ཧན་དུ་ལས་ཀར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-05-17

    ཉིན་ཤས་གོང་། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཀྱི་མཐོ་སློབ་སློབ་ཐོན་སློབ་མ་20ལྷག་ཙམ་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་དུ་ལས་ཀར་ཞུགས་ནས་འཚོ་བ་གསར་པ་སྐྱེལ་འགོ་ཚུགས་ཡོད། དེ་གོང་ཁག་འདིའི་སློབ་གྲྭ་ཆེ་མོ་བ་དག་གིས་ཝུའུ་ཧན་དུ་བརྒྱུད་རིམ་ལྡན་པའི་ལས་ཞུགས་གོང་གི་གསོ་སྦྱོང་ལ་ཞུགས་པ་མ་ཟད། སློབ་མ་ཚང་མ་ཝུའུ་ཧན་གྱི་ད་ཆའི་ཕུགས་འདུན་ཚོང་ཟོག་ཚད་ཡོད་ཀུང་སིའི་ངོ་རྒྱུགས་བདེ་བླག་ལོན་ནས་ལས་ཞུགས་ཐུབ་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། མཐོ་སློབ་སློབ་ཐོན་སློབ་མའི་འགྲན་ནུས་ཆེ་རུ་གཏོང་ཆེད། སྣེ་གདོང་ཆུས་མི་སྤྱི་ཅུས(སྨན་བཅོས་འགན་སྲུང་ཅུས)ཀྱིས་ཁ་གཏད་རོགས་སྐྱོར་ཚན་པ་དང་མཉམ་འབྲེལ་བྱས་ཏེ། ད་ལོའི་ཟླ་3པར“ལྗོངས་ཕྱིའི་ལས་ཞུགས་ལ་མཐུན་རྐྱེན་སྦྱོར་བའི་འཆར་གཞི”བཏོན་ནས་ལས་རིགས་ཀྱི་བྱང་ཚད་དང་། ཆེད་ལས་ཀྱི་རྩལ་ནུས། ཁེ་ལས་ཀྱི་རིག་གནས་དང་འཚམ་པ་སོགས་ཀྱི་ནང་དོན་གསོ་སྦྱོང་བྱས་ཡོད། སློབ་མ་བློ་བཟང་དཔལ་ལྡན་གྱིས“གསོ་སྦྱོང་ནང་ང་ཚོར་ངོ་རྒྱུགས་ཀྱི་ཐབས་རྩལ་བསླབས་པ་མ་ཟད། འདྲ་བཟོའི་དངོས་སྦྱོང་བྱས་ཏེ་ལག་ལེན་གྱི་འཇོན་ཐང་ཆེ་རུ་ཕྱིན་སོང་ལ་ང་ཚོ་ལྗོངས་ཕྱིར་ལས་ཀར་ཞུགས་པར་ཡིད་ཆེས་ཀྱིས་ཁེངས་སོང”ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།