དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མངའ་རིས་ས་ཁུལ་གྱིས་ཏང་འཛུགས་སྐྱོང་ལས་དོན་གསར་དར་ཁྱབ་ཁོངས་ཀྱི་འཕེལ་རྒྱས་དང་མཉམ་འདྲེས་ཡོང་བར་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-05-17

    2024ལོ་ཚུན་དུ་མངའ་རིས་ས་ཁུལ་གྱིས་ཏང་འཛུགས་སྐྱོང་ལས་དོན་དེ་གསར་དར་ཁྱབ་ཁོངས་ཀྱི་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོ་དང་མཉམ་འདྲེས་ཡོང་བ་མཐའ་འཁྱོངས་བྱས་ནས་བཅོས་སྐྱོང་གི་དཀའ་གནད་ཐག་གཅོད་དང་། ཞབས་ཞུའི་ཞན་ཆ་སེལ་བ། སྣེ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་པ་བརྒྱུད། ཏང་འཛུགས་སྐྱོང་དང་གསར་དར་ཁྱབ་ཁོངས་འཕེལ་རྒྱས་ཡོང་བར་ཕན་ཚུན་མཐུན་རྐྱེན་སྦྱར་ཡོད།

    གསར་དར་ཁྱབ་ཁོངས་ཀྱི་ཏང་འཛུགས་སྐྱོང་གི་ལྟེ་བའི་གནད་དོན་ལ་དམིགས་ནས“ས་ཁུལ་ཨུ་ལྷན་གྱིས་སྤྱི་འདོམས་དང་། གསར་གཉིས་ལས་དོན་ཨུ་ལྷན་གྱིས་སྣེ་ཁྲིད། སྡེ་ཚན་གྱིས་མཐུན་སྦྱོར། ལས་རིགས་ཏང་ཨུད་ཀྱིས་དོན་འཁྱོལ”བཅས་ཀྱི་ལས་ཀའི་ལམ་སྲོལ་བཙུགས་པ་དང་ཆབས་ཅིག་ལམ་ལུགས་འགན་སྲུང་འཐུས་སྒོ་ཚང་དུ་བཏང་སྟེ། དུས་རྒྱུན་གྱི་བརྟག་ཞིབ་དང་། འཁྲི་འགན་སྒྲུབ་ཚུལ་ཞུ་བའི་དཔྱད་གླེང་། དུས་ཚིགས་ཀྱི་འཆར་ཅན་ཚོགས་འདུ་སོགས་རྒྱུན་གཏན་གྱི་དོ་དམ་བྱེད་ཁོངས་སུ་བཅུག་ནས་གསར་དར་ཁྱབ་ཁོངས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ལ་ཚད་གཞི་དང་ཐབས་ལམ་གཏན་འཁེལ་བྱས་ཡོད།

    གསར་དུ་ལས་ཞུགས་ཐུབ་པའི་ཚོགས་སྤྱིའི་དགོས་མཁོར་དམིགས་ནས་རྫོང་ཨུད་ཀྱི་སྤྱི་ཚོགས་ལས་དོན་པུའུ་ཁག་གིས་ཏང་ཡོན་གྱི་བྱེད་སྒོའི་ལྟེ་གནས་ལ་བརྟེན་ནས་གཅེས་སེམས་ཁེ་ལས་དང་མཉམ་འབྲེལ་ཐོག་ལས་མི་གསར་པར་དྲོ་སྐྱིད་སྦྱིན་པའི་ས་ཚིགས་3བཙུགས་ནས་ཆུ་ཚ་པོ་སྟེར་བ་དང་གནས་སྐབས་ངལ་གསོ་རྒྱག་ཡུལ་བཟོས་པ་མ་ཟད། ལས་ཞུགས་ལ་མཛུབ་ཁྲིད་དང་བདེ་ཐང་འོས་འགན་སྨན་བཅོས་སོགས་ཀྱི་བྱེད་སྒོ་སྤེལ་ནས་གསར་དར་ཁྱབ་ཁོངས་སུ་ཏང་གི་འབོད་སྐུལ་བྱེད་ནུས་དང་། གོང་བུ་འགྲིལ་ནུས། ཤུགས་རྐྱེན་ཐེབས་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད།

    གཞི་རིམ་བཅོས་སྐྱོང་གསར་གཏོད་བྱེད་རིང་། མངའ་རིས་ས་ཁུལ་གྱིས་གསར་དར་ཁྱབ་ཁོངས་ཀྱི་ཏང་རྩ་འཛུགས་དང་། གྲོང་ཚོ་དང་སྡེ་ཁུལ་གྱི་ཏང་རྩ་འཛུགས་མཉམ་འཛུགས་མཉམ་སྐྲུན་ལ་སྐུལ་འདེད་བཏང་སྟེ། “ཁེ་ལས་བརྒྱ་ཡིས་གྲོང་ཚོ་བརྒྱ་དར་རྒྱས་གཏོང་བ”དང“ཁེ་ལས་བརྒྱ་དང་གྲོང་ཚོ་བརྒྱ་འབྲེལ་བའི”བྱ་སྤྱོད་གཏིང་ཟབ་སྤེལ་ཞིང་། ཁེ་ལས་དང་། ཚོང་ཚོགས་མཐུན་ཚོགས་བཅས་23ལ་མ་དངུལ་སྒོར་ཁྲི་613.17གཏོང་རྒྱུའི་ཁྲིད་སྟོན་བྱས་ནས་ཐོན་ལས་རོགས་སྐྱོར་དང་སྤྱི་ཕན་ཞལ་འདེབས་སོགས་ཀྱི་བྱ་ཐབས་བརྒྱུད་གྲོང་ཚོ་32ཀྱི་དུད་ཚང་359ཡི་མི་ཐེངས་1381ལ་ཕན་པ་བསྐྲུན་ཡོད།

    མངའ་རིས་ས་ཁུལ་གྱིས་ཏང་འཛུགས་སྐྱོང་ལས་དོན་དེ་གསར་དར་ཁྱབ་ཁོངས་ཀྱི་འཕེལ་རྒྱས་དང་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་བ་དེས་གསར་དར་ཁྱབ་ཁོངས་ཀྱི་འཕེལ་རྒྱས་གསོན་ཤུགས་འཕེལ་བ་མ་ཟད། “གསར་བརྗེའི་སྒུལ་ནུས”གཞི་རིམ་བཅོས་སྐྱོང་དང་དམངས་འཚོའི་ཞབས་ཞུ་སོགས་ཀྱི་ཁྱབ་ཁོངས་སུ་ཁྱབ་འགྱེད་ཐུབ་ནས། མངའ་རིས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་རྒྱུར་སྒུལ་ཤུགས་ཆེན་པོ་བསྣན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།