དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་4པར་རྒྱལ་ཡོངས་ཁེ་ལས་ཀྱི་ཕྱིར་ཚོང་ཡོང་འབབ་དུས་མཚུངས་ལས་4.3%འཕར་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-05-16

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཚེས་14ཉིན། གསར་འགོད་པར་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ནས་ཤེས་རྟོགས་བྱུང་བར། གནས་ཐང་འཕར་ཁྲལ་གྱི་བཙོངས་འཛིན་གྲངས་གཞི་ལས་མངོན་པར། ཟླ་4པར། རྒྱལ་ཡོངས་ཁེ་ལས་ཀྱི་ཕྱིར་ཚོང་ཡོང་འབབ་དུས་མཚུངས་ལས་4.3%འཕར་ནས་ན་ནིང་གི་དུས་ཚིགས་བཞི་པ་ཚུན་བརྟན་པོའི་ངང་འཕར་བའི་རྣམ་པ་རྒྱུན་མཐུད་ཐུབ་ཡོད་པ་རེད།

    བཙོངས་འཛིན་གྲངས་གཞི་ལས་མངོན་པར། བཟོ་ལས་ཀྱིས“གཞི་རྩའི་ཆ་རྐྱེན”ནུས་པ་མུ་མཐུད་བཏོན་པས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་མགྱོགས་པོ་ཕྱིན་ཡོད། ཟླ་4པར། བཟོ་ལས་ཁེ་ལས་ཀྱི་ཕྱིར་ཚོང་ཡོང་འབབ་དུས་མཚུངས་ལས་3.7%འཕར་བ། དེའི་ནང་བཟོ་སྐྲུན་ལས་རིགས་ཀྱི་ཕྱིར་ཚོང་ཡོང་འབབ་དུས་མཚུངས་ལས་4.4%འཕར་བ་དང་། ལག་རྩལ་མཐོ་བའི་ཐོན་ལས་དང་གྲངས་འཛིན་དཔལ་འབྱོར་གྱི་ལྟེ་བའི་ཐོན་ལས་ཀྱི་ཕྱིར་ཚོང་ཡོང་འབབ་དུས་མཚུངས་ལས་15.3%དང་13.4%སོ་སོར་འཕར་བ། ས་གནས་ཁག་གི་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་བཏང་བ་བརྒྱུད་ཨར་ལས་ལས་རིགས་ཀྱི་ཕྱིར་ཚོང་ཡོང་འབབ་དུས་མཚུངས་ལས་6.5%འཕར་ཡོད་པ་རེད།

    ཤར་རྒྱུད་ས་ཁུལ་དང་ལྷག་པར་དུ་དཔལ་འབྱོར་ཞིང་ཆེན་ཆེན་པོའི་འཕར་ཚུལ་བཟང་པོ་ཡོད་ཅིང་། བཙོངས་འཛིན་གྲངས་གཞི་ལས་མངོན་པར། ཟླ་4པར། ཤར་རྒྱུད་ས་ཁུལ་གྱི་འཕར་ཚད་ཅུང་མགྱོགས་པོ་བྱུང་ནས་ཕྱིར་ཚོང་ཡོང་འབབ་དུས་མཚུངས་ལས་4.8%འཕར་ཡོད། དེའི་ནང་། ཀྲེ་ཅང་དང་། ཀོང་ཏུང་། པེ་ཅིང་བཅས་ཀྱི་ཕྱིར་ཚོང་ཡོང་འབབ་དུས་མཚུངས་ལས་7.3%དང་། 6.6% 5.4%བཅས་སོ་སོར་འཕར་ནས་འཕར་ཚད་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མངོན་གསལ་དོད་པོས་མགྱོགས་པ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།