དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • སྨན་བཅོས་བོད་སྐྱོར་སྨན་པས་ས་མཐོའི་བུ་ཕྲུག་གི་བདེ་ཐང་བསྐྱངས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-05-16

    པེ་ཅིང་གྲོང་ཁྱེར་མོན་ཐའོ་ཀོའུ་ཆུས་བོད་སྐྱོར་སྨན་བཅོས་རུ་ཁག་གི་མཉམ་པར་ཡིན་པ།

    པེ་ཅིང་གྲོང་ཁྱེར་མོན་ཐའོ་ཀོའུ་ཆུས་བོད་སྐྱོར་སྨན་བཅོས་རུ་ཁག་གིས་རྒུ་རུམ་གྲོང་རྡལ་དུ་འོས་འགན་སྨན་བཅོས་བྱེད་བཞིན་པ།

    པེ་ཅིང་གྲོང་ཁྱེར་མོན་ཐའོ་ཀོའུ་ཆུས་བོད་སྐྱོར་སྨན་བཅོས་རུ་ཁག་གིས་རྒུ་རུམ་གྲོང་རྡལ་དུ་འོས་འགན་སྨན་བཅོས་བྱེད་བཞིན་པ།

    ཉེ་ཆར། པེ་ཅིང་གྲོང་ཁྱེར་མོན་ཐའོ་ཀོའུ་ཆུས་བོད་སྐྱོར་སྨན་བཅོས་རུ་ཁག་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་རྒུ་རུམ་གྲོང་རྡལ་དུ་བསྐྱོད་དེ“ནད་ལྟ་བ་དང་སྨན་སྤྲད་པ། སྨན་བཅོས་བྱེད་པའི”འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་ནས་བྱ་སྤྱོད་དངོས་ཀྱི་ཐོག་ནས་སྨན་བཅོས་བོད་སྐྱོར་གྱི་འགན་འཁྲི་ལག་ལེན་བསྟར་ནས་ས་མཐོའི་མང་ཚོགས་ཀྱི་བདེ་ཐང་བསྐྱངས་ཡོད།

    བྱེད་སྒོའི་རིང་། མོན་ཐའོ་ཀོའུ་ཆུས་ཀྱི་སྨན་བཅོས་རིགས་གཅིག་མཁས་ཅན་ལྔ་ཡིས་སྟོད་ལུང་བདེ་ཆེན་ཆུས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་སྟོད་ལུང་བདེ་ཆེན་ཆུས་མི་དམངས་སྨན་ཁང་དང་དེ་བཞིན་རྒུ་རུམ་གྲོང་རྡལ་འཕྲོད་བསྟེན་ཁང་གིས་རྒུ་རུམ་གྲོང་རྡལ་སློབ་ཆུང་དུ་སྨན་བཅོས་ཀྱི་བྱེད་སྒོ་སྤེལ་ས་བཙུགས་ཏེ་ས་གནས་མང་ཚོགས་ལ་སྨན་རིན་མི་དགོས་པར་སྨན་བཅོས་དང་། བདེ་ཐང་བློ་འདྲི། སྨན་བཟའ་སྟངས་བཅས་ལ་མཛུབ་ཁྲིད་བྱས་ཡོད། ད་ཐེངས་ཀྱི་འོས་འགན་སྨན་བཅོས་བྱེད་སྒོར་ལག་རྩལ་རྩེ་གྲ་དང་སེམས་རྩ་འཁོལ་བའི་ཞབས་ཞུ་ལས་པེ་ཅིང་དང་བོད་ལྗོངས་དབར“སེམས་སྦྲེལ་ཟམ་པ”ཞིག་བཙུགས་པ་དེ་ནི་དམངས་འཚོར་རོགས་རམ་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་ཤིག་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།