དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • ཤང་དབྱང་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་པས།

    འཕྱོངས་རྒྱས་རྫོང་སྤྱི་བདེ་ཅུས་ལ་རླངས་འཁོར་དང་སྒྲིག་ཆས་ཞལ་འདེབས་བརྒྱབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-05-16

    ཉེ་ཆར། ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་སྤྱི་བདེ་ཅུས་ཀྱིས་ཞལ་འདེབས་ལེན་པའི་མཛད་སྒོ་འཚོགས་ནས་ཧུའུ་པེ་ཞིང་ཆེན་ཤང་དབྱང་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་པས(གཤམ་དུ“བོད་སྐྱོར་ལས་དོན་རུ་ཁག”ཅེས་བསྡུ་རྒྱུ)ཞལ་འདེབས་བརྒྱབ་པའི་རླངས་འཁོར་དང་སྒྲིག་ཆས་དང་ལེན་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། བོད་སྐྱོར་ལས་དོན་རུ་ཁག་གིས་རིམ་རྩིས་བརྒྱབ་ན། སྒོར་ཁྲི་53ཞལ་འདེབས་བརྒྱབ་པ་དེ་དག་འཕྱོངས་རྒྱས་རྫོང་སྤྱི་བདེ་ཅུས་ཀྱི་དུག་འགོག་སློབ་གསོའི་རྟེན་གཞི་དང་དེ་བཞིན་ལེ་ལག་སྒྲིག་བཀོད་འཛུགས་སྐྲུན་དང་། མངགས་གཏོང་ཁང་གི་ལས་སྒྲུབ་ཐོག་ཁང་ཉམས་བཟོ། མི་དམངས་ཉེན་རྟོག་པའི་ཟ་ཁང་གི་ཆ་རྐྱེན་ལེགས་སུ་གཏོང་བ་བཅས་ལ་བཏང་ཡོད། གཞན་ཡང་བོད་སྐྱོར་ལས་དོན་རུ་ཁག་གིས་ད་དུང་ཉེན་རྟོག་པའི་སྦག་སྦག་དང་མི་མེད་གནམ་གྲུ་སོགས་ཉེན་རྟོག་པའི་སྒྲིག་ཆས་ཞལ་འདེབས་བརྒྱབ་པ་དང་། སྒྲིག་ཆས་གསར་པ་དེ་དག་གིས་གཞི་རིམ་ཉེན་རྟོག་པའི་ལས་ཀའི་ལས་ཆོད་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ནུས་པ་ཆེ་རུ་གཏོང་རྒྱུར་རོགས་རམ་ཐུབ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།