དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • ཀོང་ཀྲོའུ་ཡི་སྨན་བཅོས་བོད་སྐྱོར་གྱིས་སྤོ་བོ་རྫོང་གི་ནད་པར་པུས་ཚིགས་བརྗེ་བའི་གཤགས་བཅོས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-05-16

    ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་ཨུད་དང་རྫོང་སྲིད་གཞུང་དང་། དེ་བཞིན་ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་པའི་སྤོ་བོ་རྫོང་ལས་དོན་ཚོགས་ཆུང་། ཀོང་ཀྲོའུ་གྲོང་ཁྱེར་མི་དམངས་སྨན་ཁང་དང་པོ་བཅས་ཀྱིས་སྤྱི་འདོམས་འཆར་འགོད་བྱས་པ་བརྒྱུད། ཀོང་ཀྲོའུ་གྲོང་ཁྱེར་མི་དམངས་སྨན་ཁང་དང་པོའི་ལག་རྩལ་བྱང་ཆུབ་པའི་རུས་ནད་ཚན་ཁག་གི་སྨན་པ་7ལས་གྲུབ་པའི་རིགས་གཅིག་མཁས་ཅན་གྱི་ཚོགས་པ་ཞིག་བོད་དུ་བསྐྱོད་ནས་སྤོ་བོ་རྫོང་མི་དམངས་སྨན་ཁང་དང་མཉམ་དུ་བདེ་བླག་ངང་པུས་ཚིགས་བརྗེ་བའི་གཤགས་བཅོས་ཐེངས་20བྱས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། བྱེད་སྒོ་དེའི་གྲ་སྒྲིག་ལས་དོན་2024ལོའི་ཟླ་11པ་ནས་དངོས་སུ་སྤེལ་འགོ་ཚུགས་པ་དང་། དེའི་རིང་དྲ་ཐོག་ནས་རྒྱང་བསྟེན་ནད་དཔྱད་དང་ནད་གཞིར་གྲོས་བསྡུར་བྱེད་པ་སོགས་ཀྱི་བྱེད་ཐབས་སྣ་ཚོགས་བརྒྱུད། གྲ་སྒྲིག་ལས་དོན་ཞིབ་ཚགས་སྤེལ་ཡོད། དེ་དང་ཆབས་ཅིག་ཀོང་ཀྲོའུ་གྲོང་ཁྱེར་མི་དམངས་སྨན་ཁང་དང་པོ་དང་སྤོ་བོ་རྫོང་གི་སྨན་དོན་མི་སྣས་འབྲེལ་གཏུག་དང་མཐུན་སྦྱོར་དམ་ཟབ་བྱས་ཏེ་ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་གཤགས་བཅོས་བདེ་བླག་ཡོང་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།