དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • འབྲོག་པའི་འཚོ་བར་དུས་རབས་ཀྱི་མཆོང་སྐྱོད་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-05-16

    ས་བབ་མཐོ་ཚད་སྨི་4500ཡོད་པའི་བོད་བྱང་ཐང་དུ་ལྷིང་འཇགས་ཀྱི་གསར་བརྗེ་ཞིག་བྱུང་དང་བྱུང་མུས་ཡིན་ཏེ། ཁལ་མ་དང་རྟ་དྲེལ་རུ་ཁག་གིས་ལོ་ངོ་སྟོང་བརྒྱུད་པའི་ཚྭ་ལམ་དེ་སྣུམ་ནག་གཞུང་ལམ་དུ་འགྱུར་བ་དང་། སྦྲ་ནག་ནས་འཕྱུར་བའི་ལང་ལོང་དུ་བ་དང་5Gསྦྲེལ་ཚུགས་ཀྱི་བརྡ་རྟགས་སྒྲོམ་སྟེགས་གཅིག་ལ་གཅིག་འགྲན་དུ་གནས་པ་ལྟར་དང་། སྲོག་ཉེན་ལས་ཐར་ཐུབ་ཙམ་བྱུང་བའི་རྟ་དྲེལ་གྱི་ཚྭའི་ཉོ་ཚོང་ནས་རིག་ལྡན་འབྲོག་ཁུལ་གྱི“གྲངས་འཛིན”རླབས་རྒྱུན་བར། སྐྱས་སྤོས་སྦྲ་གུར་ནས་ཆུ་གློག་ཤར་གཏོང་ཐུབ་པའི་བདེ་སྡོད་ཁང་པའི་བར་བཅས་ལ་ནག་ཆུས་མི་རབས་གསུམ་ཡང་མ་འགོར་བར་སྲོལ་རྒྱུན་གྱི་འཚོ་གནས་བྱེད་སྟངས་ནས་དེང་རབས་ཤེས་དཔལ་གྱི་ལོ་རྒྱུས་མཚོན་པའི་སྙན་ངག་བརྩམས་ཡོད།

    རྟ་དྲེལ་སྐྱེལ་འདྲེན་གྱི་ཚོང་དོན་ནས་དེང་རབས་ཅན་གྱི་ཚོང་ལས་བར།

    རྟ་དྲེལ་སྐྱེལ་འདྲེན་བྱེད་སྟངས་དེ་ཟོག་འགྲེམས་སྐྱེལ་འདྲེན་ལ་གྱུར་པ།

    ལོ་54ལ་སླེབས་པའི་བཀྲ་ཤིས་བཟང་མོའི་ཁྱིམ་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་འཁོར་མང་ཤང་དུ་ཡོད་པ་དང་། ཁོང་གིས་འདས་སོང་ལ་ཕྱིར་དྲན་བྱེད་སྐབས། “ང་ཚོའི་དེ་གར་ཆེད་མངགས་ཚྭ་དབོར་འདྲེན་བྱེད་མཁན་གྱི་རྟ་དྲེལ་རུ་ཁག་མེད་པས། ལོ་ལྟར་དབྱར་ཁ་ལྷ་སར་ཚོང་རྒྱག་པར་འགྲོ་མཁན་གྱི་སྦྲ་ཆེན་དང་སོག་རྫོང་སོགས་ཀྱི་རྟ་དྲེལ་རུ་ཁག་སྒུག་ནས་བསྡད་དེ། ངེད་ཚོའི་བལ་དང་། རྩིད་པ་དང་ཁུ་ལུ་འཁྱེར་ནས་ཚྭ་དང་། རྩམ་པ། འབྲས་སོགས་བརྗེ་པོ་རྒྱག་པར་བསྐུར་གྱི་ཡོད”ཅེས་མྱོང་ཚོར་ཟབ་མོས་བརྗོད། ཁོང་གིས་ལོ་ལྟར་བོད་ཟླ་དྲུག་པར་ཕྱུགས་རྩྭ་སྔོན་པོར་གྱུར་རྗེས་འབྲོག་པ་ཚོས་བལ་དང་། རྩེད་པ་དང་ཁུ་ལུ་བཀལ་བའི་འབྲི་གཡག་དང་རྟ་ལས་གྲུབ་པའི་རྟ་དྲེལ་རུ་ཁག་འདེད་དེ་ཚྭ་མཚོའི་ངོགས་ཀྱི་ཚྭ་མཚེའུ་སྲུང་མཁན་སར་ཕྱིན་ནས་ཚྭ་དང་བརྗེ་པོ་རྒྱག་གི་ཡོད། དེ་ནས་ཟླ་བརྒྱད་པར་ཚྭ་བཀལ་བའི་རྟ་དྲེལ་རུ་ཁག་དེད་ནས་ལྷོ་ཁ་དང་ལྷ་སའི་རྒྱུད་དུ་འབྲུ་རིགས་དང་བརྗེ་བར་འགྲོ་གི་ཡོད། དགུན་ཁ་མ་ཤར་གོང་བོད་བྱང་ཐང་དུ་ལོག་གི་ཡོད་ཅེས་གསར་འགོད་པར་བཤད་བྱུང་།

    ད་ཆ་བྱང་རྩྭ་ཐང་དུ་སྣུམ་ནག་ལམ་ཕྱོགས་གང་སར་ཤར་གཏོང་ཐུབ་ནས་མེ་འཁོར་དང་ཟོག་འདྲེན་རླངས་འཁོར་གྱི་འུར་སྒྲས་སྔོན་ཆད་རྟ་དྲེལ་གྱི་དྲིལ་བུའི་སྒྲའི་ཚབ་བྱེད། ཟོག་འགྲེམས་རླངས་འཁོར་རུ་ཁག་གི་ཉིན་རེའི་ཆ་སྙོམས་སྐྱེལ་འདྲེན་བྱེད་ཚད་ཏུན་3000ལྷག་ཙམ་ཟིན་ནས་གྲོང་ཁྱེར་ཡོངས་ཀྱི་ཤང་དང་གྲོང་རྡལ་ཚང་མར་ཁྱབ་ཡོད། ད་ལོའི་ནག་ཆུ་གྲོང་ཁྱེར་གྱི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་མངོན་པར་གཞིགས་ན། 2024ལོར་ནག་ཆུ་གྲོང་ཁྱེར་གྱི་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་35.1ཟིན་པ་དེ་དུས་མཚུངས་ལས་5.7%འཕར་བ་དང་། ཟོག་འགྲེམས་ལས་རིགས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་12ལས་བརྒལ་ནས་GDPཡི་བསྡུར་ཚད་4.8%ཟིན་ཡོད་པ་རེད།

    སྦྲ་གུར་ནས་བདེ་སྡོད་ཁང་པའི་བར།

    སོ་ཕག་དང་རྫ་གཡམ་རེ་རེས་འབྲོག་ཁུལ་གྱི་འཚོ་བ་གསར་པ་བཏོད་པ།

    ལོ་61ལ་སླེབས་པའི་བྲག་སྨུག་གྲོང་རྡལ་གྲོང་ཚོ་དང་པོའི་གྲོང་མི་ཆོས་དར་གྱིས་བདེ་སྡོད་ཁང་པ་གསར་པའི་མདུན་དུ་ལངས་ནས། “དེ་སྔོན་གྱི་རྡོ་མ་ཆུས(ད་ཆའི་སྦྲག་སྨུག་གྲོང་རྡལ)སུ་སྦྲ་ནག་ཁ་ཤས་ལས་མེད། དགུན་ཁ་གྲང་རླུང་ལྡང་དུས་རུས་པར་ན་ཟུག་རྒྱག་པ་དང་དབྱར་ཁ་ཆར་པ་འབབ་དུས་གང་སར་ཐིག་པ་རྒྱག་གི་ཡོད་ལ། ཆུ་ལེན་དགོས་ཚེ་རྐང་ཐང་མར་སྤྱི་ལེ་འགའ་ཡི་སར་འཁྱགས་པ་བཞུར་དགོས་ཀྱི་ཡོད། ཁྱིམ་ཆས་ནི་ས་ཕག་ལས་གྲུབ་པའི་ས་ཁྲི་དང་རྩིད་གདན་ལས་མེད་ཅེས་མྱོང་ཚོར་ཟབ་མོའི་སྒོ་ནས་བརྗོད།

    འཚོ་བ་ཡག་ཏུ་ཕྱིན་པ་དེ་འགྲིམ་འགྲུལ་ཤར་གཏོང་ཐུབ་པ་ལས་བྱུང་ཞིང་། 1985ལོར་མཚོ་བོད་གཞུང་ལམ་དུ་སྣུམ་ནག་ལམ་བཏིང་ནས་ཤིང་ཆ་དང་སོ་ཕག་འབྲོག་ཁུལ་དུ་དབོར་འདྲེན་བྱེད་འགོ་ཚུགས། 1990ལོར་རྡོ་མ་ཆུས་སུ་ས་ཁང་དང་པོ་བརྒྱབ་པ་དང་། 2006ལོར་བོད་དུ“ཞིང་འབྲོག་པའི་བདེ་སྡོད་ལས་གྲྭ”སྤེལ་འགོ་ཚུགས་ནས་བོད་ཀྱི་རྒྱ་ཁྱོན་ཆེ་ཤོས་དང་ས་བབ་མཐོ་ཤོས་ཀྱི་ས་ཁུལ་ཡིན་པའི་ནག་ཆུ་གྲོང་ཁྱེར་གྱིས་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་23.6བཏང་ནས་དུད་ཚང་ཁྲི་4.2ལ་སྡོད་ཁང་གསར་སྐྲུན་དང་བསྒྱུར་བཀོད་བྱས་པ་ལས་མི་ཁྲི་16.8ལ་ཕན་པ་ཐོབ་ཡོད།

    “བདེ་སྡོད་ལས་གྲྭ་ནི་ཁང་པ་རྒྱག་པ་ཙམ་མ་ཡིན་པར། འཚོ་བ་སྐྱེལ་སྟངས་ལ་འགྱུར་བ་བྱུང་བ་ཞིག་རེད”སྡོད་ཁང་ལ་འགྱུར་ལྡོག་བྱུང་བ་ལས་ཁང་པའི་བར་མཐོངས་ལ་འགྱུར་བ་བྱུང་བ་ཙམ་མ་ཟད། སྤྱི་ཚོགས་ཀྱི་འབྲེལ་བ་བསྐྱར་དུ་བཙུགས་ཡོད། “དེ་སྔ། གྲོང་པ་ཁྱིམ་མཚེས་དབར་བར་ཐག་སྤྱི་ལེ་བཅུ་གྲངས་ཁ་ཤས་ཆོད་ཡོད་པ་དང་། ད་ཆ། ཕན་ཚུན་འགྲོ་འོང་བྱེད་པར་སྐར་མ་གསུམ་ཙམ་ལས་འགོར་གྱི་མེད”ཅེས་བྲག་སྨུག་གྲོང་རྡལ་གྱི་གྲོང་མི་བསོད་ནམས་ལྷུན་གྲུབ་ཀྱིས་བརྗོད།

    2022ལོའི་ལོ་འགོར། ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་བྲག་སྨུག་གི་ཆན་ཧྥུའུ་35ཡི་གློག་སྒྱུར་ལས་གྲྭའི་ཁྲབ་རྨོག་གློག་སྒྱུར་ས་ཚིགས་ཀྱི་ཆུ་ཚོད་24རིང་གློག་ལྡན་ཚོད་ལྟ་མཇུག་འགྲིལ་བ་དང་བསྟུན་ནས་བྲག་སྨུག་གྲོང་རྡལ་གྱི་གྲོང་ཚོ་8དང་། དུད་ཚང་787 ཞིང་འབྲོག་པ་4000ཙམ་ལ་གློག་དྲ་ཆེན་པོ་བརྟན་པོའི་ངང་སྤྱོད་ཐུབ་པ་བྱུང་སྟེ། བོད་ཀྱི“བྱང་སྒོ་ཆེན་པོར”གློག་བརྟན་པོ་མེད་པའི་ལོ་རྒྱུས་མཇུག་འགྲིལ་ནས་གྲངས་འཛིན་ཅན་གྱི་འཛམ་གླིང་དང་དངོས་སུ་འབྲེལ་མཐུད་ཐུབ་ཡོད།

    རིག་ལྡན་འབྲོག་ཁུལ།

    བྱང་རྩྭ་ཐང་དུ་ཉི་ནུས་དང་5Gམཉམ་དུ་ཁྱབ་པ།

    2024ལོའི་དབྱར་དུས་སུ་གསར་འགོད་པ་ནག་ཆུ་གྲོང་ཁྱེར་གསེར་སྙེད་ཆུས་འཁོར་མང་ཤང་གི་འབྲོག་པ་སེང་གེའི་དབྱར་དུས་ཀྱི་འབྲོག་རར་འབྱོར་སྐབས། ཁོང་ཁྱིམ་གྱི་རླུང་འགྲོ་ཡག་པ་དང་ཆར་པ་འགོག་ནུས་ལྡན་པའི་སྦྲ་གུར་སྟེང་WiFiདྲ་རྒྱའི་སྦྲེལ་ཆས་བཀལ་ཡོད་པ་དང་། ས་ཐབ་དེ་ཤིང་ཕོར་འཇོག་སར་གྱུར་ཡོད། “ཅིང་ཏུང་ཟོག་འགྲེམས”ཞེས་བཀོད་པའི་སྒམ་ཆུང་འགའ་ཟུར་དུ་སྤུངས་ཡོད་པ་དེ་དག་ནི་ད་ལྟ་འབྱོར་མ་ཐག་པའི་གློག་སྒུལ་ཇ་བསྲུ་འཕྲུལ་ཆས་དང་བྱིས་པའི་བྱ་སྤུའི་གྱོན་ཆས་རེད།

    “ན་ནིང‘བཅུ་གཅིག་ཟུང’”གི་སྐབས་སུ་ངས་ལག་ཐོགས་ཁ་པར་ནས་ཚ་བོར་ཡིག་སྦྱོང་འགེལ་རིས་ཤིག་ཉོས་པ་ཡིན”ཞེས་བསོད་རྣམས་ཆོས་སྒྲོན་གྱིས་བཤད་པ་དང་། ཁོང་གིས་ཕན་ཏོག་ཏོག་གི་APPམནན་ནས་ཟོག་ཉོའི་ཐེར་ཆུང་ནང་བཞག་པའི་ཉི་འོད་གློག་གསོག་སྦོ་དང་འཁྱེར་བདེའི་གློག་གཏོང་འཕྲུལ་འཁོར་བསྟན་བྱུང་། འགྱུར་ལྡོག་འདི་ལྟ་བུ་བྱུང་བ་ནི་གྲངས་གཞིས་དཔང་པོ་བྱེད་ཐུབ་པ་སྟེ། ད་ལོའི་ནག་ཆུ་གྲོང་ཁྱེར་གྱི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་མངོན་པར། 2024ལོར་ནག་ཆུ་གྲོང་ཁྱེར་གྱི་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་35.1ཟིན་པ་དང་། གྲོང་གསེབ་ཏུ་དྲ་ཐོག་ཚོང་དོན་ཁྱབ་ཚད་100%ཟིན་པ། གཙོ་གནད་སྲིད་འཛིན་གྲོང་ཚོར་5Gབརྡ་རྟགས་ཁྱབ་ཚད་100%ཟིན་པ་བཅས་རེད།

    “ད་ལྟ་སེམས་ཁྲལ་ཆེ་ཤོས་ནི་ལྟོ་གོས་ཀྱི་གནད་དོན་མིན་པར། ཕྲུ་གུའི་སློབ་གསོ་རེད”ད་ལོའི་ནག་ཆུ་གྲོང་ཁྱེར་གྱི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་མངོན་པར། 2024ལོར་ནག་ཆུས་སློབ་གསོའི་ཐད་མ་དངུལ་གཏོང་ཤུགས་18.7%སྤར་ཡོད། དེ་ལྟ་བུ་ནི་ལོ་བཅུ་ཕྲག་ཁ་ཤས་ཀྱི་སྔོན་དུ་བློ་ཡུལ་ལས་འདས་པ་ཞིག་རེད།

    ནག་ཆུ་གྲོང་ཁྱེར་ཉེ་འདབས་ཀྱི་ལྗོངས་གཟིགས་སྒང་ནས་རྒྱང་རིང་ལ་བལྟས་ཚེ། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོ་ཡ་མཚན་ངང་མངོན་པ་ལྟར་སྣང་སྟེ། རྟ་དྲེལ་གྱི་ཚྭ་འདྲེན་གནའ་ལམ་དང་མྱུར་བགྲོད་གཞུང་ལམ་གཉིས་མཉམ་དུ་གནས་པ་དང་། སྦྲ་ནག་དང་འོད་ཤུགས་པང་ལེབ་ཉི་འོད་འོག་མཉམ་དུ་གནས་པ། ནོར་ལུག་གི་བག་ཕེབས་སྐད་སྒྲ་དང་5Gསྦྲེལ་ཚུགས་གློག་རྒྱུན་གྱི་སྒྲ་མཉམ་དུ་གྲགས་ཀྱི་ཡོད། དེ་གར་གསར་པས་རྙིང་པའི་ཚབ་མ་བྱས་པར་གསར་རྙིང་མཉམ་གནས་ཀྱི་ངོ་མཚར་གཏོད་ཡོད། འབྲོག་པ་ཚོས་བདེ་སྡོད་ཁང་པར་བརྟེན་ནས་སླད་ཕྱིན་ལ་ཕྱིར་དྲན་དང་། མི་མེད་གནམ་གྲུར་བརྟེན་ནས་སྐྱས་སྤོས་ཀྱི་རང་དབང་རྒྱུན་མཐུད་བྱེད་པ། དྲ་ཚོང་གི་ལས་སྟེགས་ལ་བརྟེན་ནས་རྩྭ་ཐང་གི་ཕྱོགས་གང་སར་ཚོང་ལམ་གཏོད་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།