ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས།
ན་སོ་དར་ལ་མ་བབས་པའི་མི་བདེ་ཐང་ངང་འཚར་ལོངས་ཡོང་བར་ཞིབ་དཔྱོད་ཀྱི་སྟོབས་ཤུགས་བསྣན་པ།
ཉེ་དུས་ན་སོ་དར་ལ་མ་བབས་པའི་མིའི་ཁྲིམས་སྐྱོང་འདུ་ཤེས་ཟབ་ཏུ་ཏན་ཏིག་བཏང་ནས་རང་ངོས་སྲུང་སྐྱོང་གི་ནུས་པ་ཆེ་རུ་གཏོང་ཆེད། གྲ་ནང་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་ན་སོ་དར་ལ་མ་བབས་པའི་མིའི་སྲུང་སྐྱོང་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་ཕྲུ་གུ་ཚོ་བདེ་ཐང་
ངང་འཚར་ལོངས་ཡོང་བར་ཞིབ་དཔྱོད་ཀྱི་སྟོབས་ཤུགས་བསྣན་ཡོད་པ་རེད།
བྱེད་སྒོ་སྤེལ་རིང་། གྲ་ནང་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་རྫོང་སློབ་གསོ་ཅུས་དང་སྤྱི་བདེ་ཅུས་དང་མཉམ་དུ་རྫོང་ཡོངས་ཀྱི་དགེ་རྒན་དང་ལས་བཟོའི(བདེ་འཇགས་མི་སྣ་དང་སྤྱི་ཕན་རང་བཞིན་གྱི་གདན་ཞུས་མི་སྣ)ལས་ཞུགས་འདྲི་རྩད་ལས་དོན་སྤེལ་ནས། ན་སོ་དར་ལ་མ་བབས་པའི་མིའི“མེ་འགོག་གྱང”བརྟན་པོ་བསྐྲུན་ཏེ་
ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི“ཞིབ་དཔྱོད་གྲོས་འགོ་ཨང་དང་པོ”རྒྱུན་མཐུད་དོན་འཁྱོལ་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། བྱེད་སྒོ་སྤེལ་རིང་ཞིབ་དཔྱོད་ལས་བྱེད་ཉེན་རྟོག་པས་སློབ་གྲྭའི་ཟ་ཁང་དུ་བསྐྱོད་དེ་བཟའ་བཅའ་ཉོ་སྒྲུབ་དང་། གསོག་འཇོག ལས་སྣོན་སོགས་བརྒྱུད་རིམ་ཧྲིལ་པོར་ཞིབ་བཤེར་ཞིབ་ཚགས་བྱས་ཏེ་དགེ་སློབ་ཚོའི“ལྕེ་ཐོག་གི་བདེ་འཇགས”
བསྲུངས་པ་དང་ཆབས་ཅིག “བཟའ་བཅའ་དང་སྨན་རྫས་ཀྱི་སྤྱི་ཕན་བྱ་སྤྱོད”ཀྱི་ཆེད་དོན་བྱེད་སྒོས་སློབ་གྲྭའི་བཟའ་འཐུང་བདེ་འཇགས་ཁྱབ་ཁོངས་ཀྱི་ལྟ་སྐུལ་ལས་དོན་ལ་ཕན་འབྲས་དངོས་ཐོན་པར་སྐུལ་འདེད་བཏང་ཡོད།
གཞན་ཡང་ཞིབ་དཔྱོད་ལས་བྱེད་ཉེན་རྟོག་པ་ཚོས་ཁོངས་གཏོགས་ཁུལ་གྱི་མགྲོན་ཁང་4དང་། འགྲུལ་ཁང་5 སྨན་ཚོང་ཁང་7བཅས་ལ་ཞིབ་བཤེར་བྱས་ཏེ“ངེས་པར་དུ་ལྔའི”སྦྱར་ཡིག་སྦྱར་མིན་དང་། བཙན་ཤེད་སྙན་ཞུའི་དྲིལ་བསྒྲགས་རྒྱ་ཁྱབ་བརྡ་སྦྱོར་སྦྱར་མིན། གཉེར་སྐྱོང་པས་བཙན་ཤེད་སྙན་ཞུའི་ལམ་ལུགས་ལ་རྒྱུས་མངའ་ལོན་མིན་འདྲི་
རྩད་དང་ན་སོ་དར་ལ་མ་བབས་པའི་མིའི་ཞག་སྡོད་གཏན་འབེབས་ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་བྱས་ནས། གྱོད་དཔེ་དང་ཟུང་འབྲེལ་གྱིས་འགྲེལ་བཤད་བརྒྱབ་སྟེ་འབྲེལ་ཡོད་ཀྱི་འོས་འགན་བྱེད་པོའི་སྙན་ཞུའི་འདུ་ཤེས་ཟབ་ཏུ་དང་རང་འགུལ་རང་བཞིན་ཆེ་རུ་བཏང་ཡ