དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གཞིས་རྩེ་གྲོང་ཁྱེར་ཁང་དམར་རྫོང་གིས་ཤེས་དཔལ་ལག་ལེན་གྱི་རིམ་གསུམ་མཉམ་འགུལ་འཐབ་ས་བསྐྲུན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-05-16

    ད་ཕན་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་ཁང་དམར་རྫོང་ཁང་དམར་གྲོང་རྡལ་གྱིས“མང་ཚོགས་གཅིག་སྡུད་དང་། མང་ཚོགས་ལ་སྣེ་ཁྲིད། རིག་གནས་ལ་བརྟེན་ནས་མི་སྣ་སྐྱོང་བ་དང་གོམས་སྲོལ་སྒྱུར་བའི”དམིགས་ཚད་ལ་དམ་པོར་གཞིགས་པ་དང“གནས་ཀྱིས་ཁྱོན་ལ་སྣེ་ཁྲིད་དང་། གནས་དང་ཁྱོན་ཟུང་འབྲེལ”གྱི་སྤྱིའི་བསམ་ཕྱོགས་གཞིར་བཟུང་རིམ་གསུམ་མཉམ་འགུལ་གྱི་འཐབ་སའི་དྲ་རྒྱའི་མ་ལག་བསྐྲུན་པ་དང་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་འཐབ་ས་མཉམ་འབྲེལ་མཉམ་སྐྲུན་རིམ་སྤོར་ལ་སྐུལ་འདེད་བཏང་ནས། མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”བསལ་ཡོད། མིག་སྔའི་བར། གྲོང་རྡལ་ཡོངས་སུ་ལག་ལེན་ཁང་1དང་ལག་ལེན་ས་ཚིགས་8བསྐྲུན་པ་དང་ཁྱད་ལྡན་འཐབ་ས་10བར་སྣུར་སྲིང་བྱས་ཡོད་ལ། བསྐྲུན་ཚད་100%ཟིན་ནས་ཕྱོགས་ཡོངས་ལ་ཁྱབ་པའི་དམིགས་ཚད་མངོན་འགྱུར་བྱུང་ཡོད།

    ཁང་དམར་གྲོང་རྡལ་གྱིས“ཁྲེང་ཀོན་གྲོང་རྡལ”གྱི་ནུས་པ་བཏོན་ནས“ལྟེ་བའི་ཡན་ལག”གི་འཐབ་ས་སྤྱི་འདོམས་བྱས་ཤིང་། “འཐབ་ས་སྟོབས་ཆེར་གཏོང་བའི”དམིགས་ཚད་ལ་དམ་པོར་གཞིགས་ནས་གྲོང་རྡལ་དང་གྲོང་ཚོའི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ཁང(ས་ཚིགས)འཛུགས་བསྐྲུན་ལ་ཤུགས་སྣོན་བརྒྱབ་སྟེ་སྲོལ་རྒྱུན་གྱི་རོལ་ཆ་དཀྲོལ་གཏོང་གསོ་སྦྱོང་ཁང་དང་། གཅེས་སེམས་ས་ཚིགས། སྒར་སའི་ཐང་ཆེན་དང་དེ་བཞིན་ཀུན་སྤྱོད་སློབ་ཁང་དང་དོན་གྲོས་ཁང་སོགས་ཀྱི་ནུས་པ་ཆེ་རུ་བཏང་བ་མ་ཟད། “ལག་ལེན་ཁང་དང་། དང་བླངས་པ། མང་ཚོགས”བཅས་ཟུང་དུ་འབྲེལ་བའི་རྣམ་པའི་ཐོག་ནས་ལག་ལེན་བྱེད་སྒོ་སྤེལ་ཡོད། མིག་སྔར་གྲོང་རྡལ་ཡོངས་སུ་ཞབས་ཞུའི་རྣམ་གྲངས་15སྤེལ་བར་དང་བླངས་ཞབས་ཞུར་མི་1200ཞུགས་ཡོད་ལ། གོམས་སྲོལ་སྒྱུར་བའི་བྱེད་ཐབས་8ལག་བསྟར་བྱས་ཡོད།

    “ལྟེ་བའི་གྲོང་རྡལ”གྱི་ནུས་པ་བཏོན་ནས་ཁྱད་ལྡན“ལག་ལེན་ས་ཚིགས”ཀྱི་འཐབ་ས་སྣུར་སྲིང་བྱས་ཤིང་། ཁང་དམར་གྲོང་རྡལ་གྱིས་ཁང་དམར་གྲོང་ཚོའི་མི་རིགས་མཐུན་སྒྲིལ་འགྲེམས་ཁང་དང་། བདེ་སྐྱིད་གླིང་ཡུལ་གཞན་དུ་གནས་སྤོས་གྲོང་ཚོའི་བདེ་སྐྱིད་ས་ཚིགས། དཔེ་ལུང་ཐོན་ལས་གླིང་ཁའི་གྲོང་གསེབ་ཀྱི་གར་སྟེགས། མགར་ལུང་གྲོང་ཚོའི་ཏང་འཛུགས་སྐྱོང་གི་ཚོགས་ཁང་། རྫོང་གྲོང་གི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ཐང་ཆེན། ཡུལ་གཞན་དུ་གནས་སྤོས་གྲོང་ཚོའི་ལེ་ལག་ཐོན་ལས་ཤིང་འབྲས་དང་སྔོ་ཚལ་ཐོན་སྐྱེད་རྟེན་གཞི། གསོ་ཚགས་མཉམ་ལས་ཁང་། བསྐྱར་སྐྱེས་ཐོན་ཁུངས་བསྡུ་སྤྱོད་མཉམ་ལས་ཁང་སོགས་ཁྱད་ལྡན་འཐབ་ས་བསྡུ་སྒྲིལ་བྱས་ཏེ“གནས་མང་པོས་ཁྱོན་ལ་སྣེ་ཁྲིད་པའི་སྤྱི་ཡོངས་མཉམ་འགུལ་གྱི་འཐབ་སའི”རྣམ་པ་གྲུབ་ཡོད།

    “མཉམ་འདྲེས་གྲོང་རྡལ”གྱི་ཐབས་ལམ་རྒྱ་ཆེར་བཏང་བ་དང་ཕྱོགས་མང་མཉམ་འགུལ་བྱས་ནས“མཉམ་འབྲེལ་མཉམ་སྐྲུན”གྱི་གསོན་ཤུགས་འཕེལ་བར་བྱས་ཤིང་། ཁང་དམར་གྲོང་རྡལ་གྱིས་ད་ཡོད་ཀྱི་སྒྲིག་བཀོད་འཐབ་ས་སླར་ཡང་བཀོད་སྒྲིག་དང་དགེ་སྤེལ་སྐྱོན་སྤངས་ཀྱིས་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་ཀྱི་ཕན་འབྲས་ཐོན་པར་བྱས་ནས་ལོར་ཆ་སྙོམས་བྱེད་སྒོ་ཐེངས་20ལྷག་ཙམ་སྤེལ་བས་མང་ཚོགས་2000ཙམ་ལ་ཕན་པ་ཐོབ་ཡོད།

    “དམངས་ཕན་གྲོང་རྡལ”བསྐྲུན་རྒྱུར་ཤུགས་སྣོན་རྒྱག་པ་དང“གཅེས་སེམས་ས་ཚིགས”བསྐྲུན་ནས་དམངས་ལ་ཞབས་འདེགས་ཞུས་ཤིང་། ཁང་དམར་གྲོང་རྡལ་གྱིས་གྲོང་ཁུལ་གྱི་གྲོང་ཚོ་དང་གྲོང་ལྷན་དུ་གསར་བརྗེའི་བདེ་སྐྱིད་ས་ཚིགས་དང་མི་རིགས་མཐུན་སྒྲིལ་གྱི་གསར་བརྗེའི་ས་ཚིགས་སོགས་ཞབས་ཞུའི་ས་ཚིགས་བསྐྲུན་ནས་ངལ་གསོ་རྒྱག་ས་དང་། ཆུ་ཁོལ་འཐུང་ས། དཔེ་དེབ་ལྟ་ས། གསང་སྤྱོད། སྒར་ས། གློག་གསོག་ས་སོགས་དམངས་ཕན་ཞབས་ཞུའི་ལས་དོན་སྤེལ་ཏེ་ཞབས་འདེགས་ཞུ་ཡུལ་གྱི་དཀའ་ངལ་ཐག་གཅོད་བྱས་ཤིང་། མིག་སྔའི་བར། ཕར་འགྲོ་ཚུར་འོང་བྱེད་མཁན་རླངས་འཁོར་དང་འགྲུལ་པ་མི་ཐེངས་102ལ་སྣེ་ལེན་ཞུས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།