དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་གིས།

    ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་སྤུས་ཚད་དང་ཕན་འབྲས་ཡག་པོ་ཡོང་བར་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-05-16

    དུས་རབས་གསར་པའི་ལས་བྱེད་པ་བཟང་པོའི་ཚད་གཞི་དང་མི་རིཌ་ས་ཁུལ་གྱི་ལས་བྱེད་པའི“དམིགས་བསལ་བཞིའི”ཆབ་སྲིད་ཀྱི་བླང་བྱ་དང་མཐུན་པའི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་ཆེད། ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་གིས་དམིགས་ས་ཡོད་པའི་སྒོ་ནས་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་འཆར་འགོད(2023ལོ་ནས་2027ལོ་བར)ཀྱི་ལག་བསྟར་ཇུས་གཞི་བཏོན་ཏེ། ཏང་གི་རིགས་པའི་གཞུང་ལུགས་ཀྱི་སློབ་གསོ་དང་། ཏང་གཤིས་ཀྱི་སློབ་གསོ། འགན་སྒྲུབ་ནུས་པ་ཆེར་གཏོང་སོཌ་ཐད་ཀྱི་སློབ་གསོ་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་ཐོག ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་སྤུས་ཚད་དང་ཕན་འབྲས་གཉིས་ཀ་ཡག་པོ་ཡོང་བར་སྐུལ་འདེད་ཟམ་མི་ཆད་པ་བཏང་ནས་འཕེལ་རྒྱས་ཀྱི་དགོས་མཁོ་དང་མཐུན་པའི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱས་པ་རེད།

    ཀོང་པོ་རྒྱ་མདའ་རྫོང་གིས་གནད་སྨིན་གསོ་སྐྱོང་གི་ཆུ་ཚད་མཐོ་རུ་བཏང་ཞིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དེ་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་ལྟེ་བའི་ནང་དོན་དང་ལས་འགན་གཙོ་བོར་བརྩིས་ཏེ། “དོན་ཆེན་བཞི”དང་།“འཛུགས་གཏོད་བཞི” “མདུན་གྲལ་དུ་སླེབས་པ་བཞི”བཅས་ལ་དམ་པོར་དམིཌ་པ་དང་ཉིང་ཁྲི་གྲོང་ཨུད་ཀྱི“11364”འཕེལ་རྒྱས་འཐབ་ཇུས་དང་ཀོང་པོ་རྒྱ་མདའ་རྫོང་གི“1135”འཕེལ་རྒྱས་བསམ་ཕྱོགས་གཏན་འཁེལ་བྱས་ནས་ན་ནིང་ཚུན་དུ་ཏང་ཡོན་གྱི་ཆབ་སྲིད་སློབ་གསོ་དང་། གཞོན་དར་འཛིན་གྲྭ སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། གྲོང་གསེབ་དར་རྒྱས། སྐྱེ་ཁམས་ཁོར་ཡུག འགན་བཞེས་འཛིན་གྲྭ ཐོག་མའི་འགན་བཞེས་འཛིན་གྲྭ་སོགས་རིཌ་ཁག་གི་འཛིན་གྲྭ་དུས་ཐེངས་23གཉེར་བར་མི་ཐེངས་2160ལྷག་ཙམ་ཞུགས་ཡོད་པ་རེད།

    ཀོང་པོ་རྒྱ་མདའ་རྫོང་གིས་ཁྱད་ཆོས་ལྡན་པའི་གསོ་སྦྱོང་ཐད་ཚད་བརྒལ་ཡོང་བར་བྱས་ཤིང་། “སེམས་མཐུན་སློབ་ཁང་ཆེན་པོའི”ཁྱད་ཆོས་ལྡན་པའི་སློབ་ཁྲིད་སྤུས་རྟགས་གཏོད་རྒྱུར་ཤུགས་བརྒྱབ་ནས་ཀོང་ཏུང་ཞིང་ཨུད་ཏང་གི་སློབ་གྲྭ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭ ཁ་གཏད་བོད་སྐྱོར་ཀྲུང་ཧྲན་གྲོང་ཨུད་ཏང་གི་སློབ་གྲྭ་སོཌ་གདན་ཞུ་བྱས་ཏེ། “སེམས་མཐུན་སློབ་ཁང་ཆེན་པོའི”ཆེད་དོན་འཆད་ཁྲིད་སྤེལ་བ་རེད། གཞི་རིམ་དུ་བསྐྱོད་དེ་རིགས་པའི་གཞུང་ལུགས་གསར་པ་དང་ཤེས་བྱ་གསར་པ་འཆད་ཁྲིད་བྱས་ནས“སེམས་མཐུན་སློབ་ཁང་ཆེན་པོའི”ཡིད་དབང་འགུག་ཤུགས་དང་ཤུགས་རྐྱེན་ཐེབས་ཤུགས་རྒྱུན་མཐུད་ཆེ་རུ་བཏང་ཡོད། ཀྲུང་ཧྲན་གྲོང་ཨུད་ཏང་གི་སློབ་གྲྭ་དང་མཉམ་དུ་གཞོན་དར་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་ཐེངས་དང་པོ་གཉེར་བ་དང་། ཀྲུང་ཧྲན་དུ་སློབ་མ་20ཡིས་ཞུན་བརྡར་དང་ཀྲུང་ཧྲན་གྱི་སྒྱུར་བཅོས་སྒོ་དབྱེའི་སྔོན་ཐོན་འདུ་ཤེས་སློབ་སྦྱོང་བྱས་ནས། སློབ་སྦྱོང་གི་གྲུབ་འབྲས་དེ་ཀོང་པོ་རྒྱ་མདའ་རྫོང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་སྒྱུར་བཅོས་སྒོ་དབྱེ་སྔོན་སྤེལ་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་ཧུར་ཐག་འགྱུར་བར་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།