དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • འདི་ལོའི་དཔྱིད་ཀའི་རི་འཛེག་དུས་ཚིགས་སུ་རི་འཛེག་པ་56ཇོ་མོ་གླང་མའི་ལྷོ་ངོས་ནས་རྩེར་འཛེགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2025-05-16

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཀ་ཏ་མན་ཏུའུ་ནས་ཟླ་5ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ནེ་པ་ལའི་ཡུལ་སྐོར་ཅུས་ཀྱིས་བརྗོད་དོན། ཚེས་14ཉིན་གྱི་སྔ་དྲོའི་བར། མིག་སྔའི་དཔྱིད་དུས་ཀྱི་རི་འཛེག་དུས་ཚིགས་སུ་རི་འཛེག་པ་56ནེ་པ་ལའི་ཕྱོགས(ལྷོ)ནས་འཛམ་གླིང་གི་རི་བོ་མཐོ་ཤོས་ཇོ་མོ་གླང་མའི་རྩེར་འཛེགས་པ་རེད།

    ནེ་པ་ལ་ཡུལ་སྐོར་ཅུས་ཀྱི་དཔོན་རིགས་ཤིས་མར·ཀའོ་ཐ་མུའུ་ཡིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བརྗོད་དོན། ཚེས་14ཉིན་གྱི་སྔ་དྲོར་ཁྱོན་རི་འཛེག་པ་40རི་རྩེར་བདེ་བླག་ངང་འཛེགས་པའི་ནང་ཀྲུང་གོ་བ་8དང་། ཡུག་རེན་བ་6 ཅེ་ཁེ་བ་2 རི་པིན་བ་1 དབྱིན་ཇི་བ་1བཅས་ཚུད་ཡོད།

    ཅུས་དེས་ཁྱབ་བསྒྲགས་བྱས་པའི་ཆ་འཕྲིན་ལ་གཞིགས་ན། ཚེས་9ཉིན་ནེ་པ་ལའི་རི་འཛེག་སྣེ་ཤན་པས་རི་འཛེག་ཐག་པ་བརྟན་འཛུགས་ཀྱི་ལས་ཀ་ལེགས་གྲུབ་བྱས་རྗེས། རི་འཛེག་པ་16ཚེས་10ཉིན་དང་ཚེས་11ཉིན་ཇོ་མོ་གླང་མའི་རྩེར་འཛེགས་པ་རེད།

    ནེ་པ་ལ་ཡུལ་སྐོར་ཅུས་ཀྱིས་དཔྱིད་དུས་ཀྱི་རི་འཛེག་དུས་ཚིགས་སུ་རི་འཛེག་པ་456ལ་ཇོ་མོ་གླང་མར་འཛེག་པའི་ཆོག་འཐུས་ལག་ཁྱེར་སྤྲད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།